2018ལོར་གཅན་ཚ་རྫོང་གིས་ལང་ཚོའི་རྦབ་ཆུའི་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་སྤེལ།  
2018.04.18 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 32

ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་གཙན་ཚ་རྫོང་གིས་མཐུན་སྒྲིལ་བུམ་པ་རྟགས་མའི2018ལོའི་གཅན་ཚ་སྟེང་སོ་ལང་ཚོའི་རྦབ་ཆུའི་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་སྤེལ།

ཐེངས་འདིའི་འགྲན་ཚོགས་ནི་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། གཙན་ཚ་རྫོང་དྲིལ་སྒྲོག་པུའུ་དང་གཙན་ཚ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།  གཙན་ཚ་རྫོང་སྟེང་སོ་ཞང་མི་དམངས་སྲིད་གཞུང་བཅས་ཀྱིས་རོགས་སྒྲུབ་བྱས་ནས་སྒྲུབ་པ་ཞིག་ཡིན།

ཐེངས་འདིའི་བྱ་འགུལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་ཀྲུའུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བསམ་བློའི་དགོངས་དོན་མཛུབ་སྟོན་དུ་བཟུང་བ། ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གཞིར་རྩར་བཟུང་ནས། གསར་གཏོད་དང་། འཆམ་མཐུན། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་ལྗོངས་རྒྱུ་འཕེལ་རྒྱས་ལྟ་བ་ཡིད་ལ་དམ་པོར་བཟུང་ནས་ལུགས་མཐུན་གྱིས་བཀོད་སྒྲིག་དང་གོ་རིམ་ལྡན་པའི་ཡུལ་སྐོར་ལྗོངས་རྒྱུ་ཐོན་ཁུངས་སྔོག་འདོན་བྱས་ཏེ་གནད་འཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་རྒྱུ་དེ་ཡིན།

གསར་འགོད་པས་རྒྱུས་ལོན་པར་ལྟར་ན་ཐེངས་འདིའི་རྐང་ཐང་འགྲན་སྡུར་གྱི་རིང་ཚད་ལ་སྤྱི་ལེ10.6དང་། ཞིང་ཆེན་ནས་ཐོན་པའི་འགྲན་ཞུགས་པ500དང་རྨ་ལྷོ་ཁུལ་ཐོག་ནས་ཐོན་པའི་འགྲན་ཞུགས་པ300། གཅན་ཚ་རྫོང་ཐོག་ནས་ཐོན་པའི་འགྲན་ཞུགས་པ200ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཡོད། རེབ་འདིའི་འགྲན་སྡུར་གྱི་གཞི་ཁྱོན་ཅུང་ཆེ་ལ། འགྲན་སྡུར་དུ་ཞུགས་མཁན་མང་བ། འགྲན་རྩོད་རང་བཞིན་ལྡན་པ། ལྟད་མོའི་རང་བཞིན་ལྡན་པའི་ཞིང་ཆེན་ཡོངས་ཀྱི་རྐང་ཐང་འགྲན་སྡུར་གྱི་བྱ་འགུལ་ཐེངས་ཤིག་ཡིན།

ཐེངས་འདིའི་འགྲན་སྡུར་ལ་རྒན་རབས་པའི་ཚན་ཆུང་དང་། དར་མའི་ཚན་ཆུང་། ན་གཞོན་ཚན་ཆུང་བཅས་ཚན་ཆུང་གསུམ་དུ་བགོས་ནས་འགྲན་སྡུར་བྱས།

ཐེངས་འདིའི་རྐང་ཐང་དུ་བསྐྱོད་པའི་འགྲན་སྡུར་གྱི་སྟེགས་བུ་འདི་བརྒྱུད་དེ། དམངས་ཡོངས་ཀྱི་ལུས་སྦྱོང་འགུལ་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཅན་ཚའི་རིག་གནས་གནས་སྐོར་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་མཚན་སྙན་དང་། དཔལ་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུའི་མཚན་བྱང་འདི་ཉིད་བརྗོད་དོན་བྱས་ཏེ་དགུ་རོང་ས་ཆའི་ཞིང་སྡེ་འཕེལ་རྒྱས་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་ལས་སྔར་ལས་ལྷག་པའི་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། གཅན་ཚའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་སོགས་གང་ལེགས་སྒོས་ངོམས་པར་བྱས་ནས། རིག་གནས་དང་ལུས་རྩལ། གནས་སྐོར་བཅས་མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུའི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་དང་བྱེད་མུས་སུ་ཡོད།

 
IMG_3511.jpg 

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཡང་ཞང་ཧྥིན་གྱིས་མཛད་སྒོར་མདོ་འཛིན་བྱེད་བཞིན་པ།

部长.png

གཅན་ཚ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲུའུ་ཡོས་ཡོན་གྱིས་ཤིས་ཚིག་འབུལ་བཞིན་པ།

IMG_3515.jpg

རེབ་འདིའི་རྐང་ཐང་འགྲན་བསྡུར་སྟེང་ཞུགས་ཡོད་པའི་ལུས་རྩལ་པ་ལྷན་རྒྱས།

IMG_3523.jpg

རེབ་འདིའི་རྐང་ཐང་འགྲན་སྡུར་གྱི་གོ་རིམ་དང་སྒྲིག་ལམ་ཁྱབ་སྒྲོག་བྱེད་བཞིན་པ།

IMG_3529.jpg

འགྲན་སྡུར་ལ་རེ་སྒུག་བྱས་ཡོད་པའི་འགྲན་ཞུགས་པ།

IMG_3530.jpg

འགྲན་བསྡུར་དངོས་སུ་མགོ་བརྩམས་པ།

IMG_3573.jpg

བྱ་དགའ་སྟེར་བར་གྲ་སྒྲིག་བྱེད་བཞིན་པ།

3.jpg

སྐྱེས་པའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན།

2.jpg

བྱ་དགའ་ཨང་གཉིས་པ་ཐོབ་མཁན།

1.jpg

རེབ་འདིའི་འགྲན་སྡུར་སྟེང་བྱ་དགའ་ཨང་གསུམ་པ་ཐོབ་མཁན།

6.jpg

བུད་མེད་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན།

5.jpg

བུད་མེད་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མཁན།

7.jpg

བུད་མེད་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མཁན།

IMG_3563.jpg

སློབ་བུ་ཆུང་ཆུང་སྐོར་ཞིག་ལ་དཔལ་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་པ།

IMG_3548.jpg

གསར་འགོད་པ་རྣམས་ལང་ཚོའི་རྦབ་ཆུ་དང་ཉེ་བར་བཅར་བ།

གསར་འགོད་པ།  དབང་རྒྱལ་ཚེ་རིང་།  དཔའ་ཁོ།