ཁེ་ལས་བཅུ་གསུམ་གྱིས་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་དྲུག་གིས་མདོ་དབུས་མཐོ་སྒང་བཏུང་ཆུ་ཉོ་བའི་གན་རྒྱ་བཞག
2018.04.18 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

 

1111.jpg

དཔྱིད་དཔལ་གྱི་འོད་སྣང་རྫོགས་ཤིང་། སྐྱེ་དངོས་མཐའ་དག་ལ་ཚེ་སྲོག་གི་གསོན་ཤུགས་རྒྱས་པའི་དུས་བཟང་སྟེ། སྤྱི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་འབའ་རྫོང་དབུལ་སྐྱོར་ཐོན་ལས་ར་བ་ནས་མདོ་དབུས་མཐོ་སྒང་བཏུང་ཆུའི་ཉིས་སྟོང་བཅོ་བརྒྱད་ལོའི་ཉོ་ཚོང་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ་དང་། ཚོགས་ཐོག་ནས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་སྡེ་ཁག་བཅུ་གསུམ་གྱི་བར་ལ་བསྡོམས་པས་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་དྲུག་གིས་ཉོ་ཚོང་གན་རྒྱ་བཞག

མདོ་དབུས་མཐོ་སྒང་བཏུང་ཆུ་ནི་འབའ་རྫོང་རྨ་ཆུའི་འབྱུང་ཡུལ་ཚོང་དོན་དངོས་གཉེར་ཚད་ཡོད་ཀུང་ཟིས་ཐོན་སྐྱེད་བྱས་པ་ཡིན་ལ། ཀུང་ཟི་འདིས་ཐོན་སྐྱེད་ཐད་སྤྱི་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་ལྔ་བཏང་བ་དང་། དེ་ལས་སྲིད་གཞུང་གི་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་ལྔ་འདུ་ལ། དངུལ་ཁང་གི་དབུལ་སྐྱོར་བསྐྱི་དངུལ་སྒོར་བྱེ་བ་གཅིག་འདུ། ཀུང་ཟི་རང་ངོས་ནས་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་བ་རེད།

མདོ་དབུས་མཐོ་སྒང་བཏུང་ཆུ་ནི་ཉིས་སྟོང་བཅུ་བདུན་ལོའི་ཟླ་གསུམ་པའི་ཟླ་མཇུག་ཏུ་དངོས་སུ་ཚོང་རར་བཀྲམས་པ་དང་། དུས་ཡུན་ལོ་གཅིག་ལྷག་རིང་གི་འབད་བརྩོན་ལ་བརྟེན་ནས་གྲུབ་འབྲས་ཆེན་པོ་ཕྱོགས་གསུམ་ནས་བླངས་ཡོད་པ་སྟེ། གཅིག ལོ་གཅིག་རིང་གི་ཡོང་སྒོ་ཁོ་ན་སྒོར་བྱེ་བ་གཅིག་དང་ས་ཡ་ལྔར་བསླེབས། གཉིས། ས་གནས་ཀྱི་མི་སྣ་བཅུ་གཉིས་ཀྱི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། དེའི་ཁྲོད་དུ་དབུལ་ཕོངས་ཁྱིམ་ཚང་གི་མི་སྣ་དགུ་ཡོད། གསུམ། ད་ལོ་སྟེ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཞི་བར་ཞིང་ཆེན་ཕྱི་ནང་གི་ཁེ་ལས་སྡེ་ཁག་བཅུ་གསུམ་གྱི་བར་ལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་དྲུག་གིས་ཉོ་ཚོང་གན་རྒྱ་བཞག་པ་རེད།

འབའ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་དཔལ་ལྡན་ལྷུན་གྲུབ་ཀྱིས་ཉོ་ཚོང་གན་རྒྱ་འཇོག་པའི་མཛད་སྒོར་ཤིས་ཚིག་འབུལ་བཞིན་པ།

ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མགོ་ཁྲིད། ཞིང་ཆེན་ཕྱི་ནང་ནས་ཐོན་པའི་ཁེ་ལས་ཉི་ཤུ་ལྷག་གི་འབྲེལ་ཡོད་མི་སྣ་བཅས་བསྡོམས་པས་མི་ཉིས་བརྒྱ་ཙམ་ཚོགས་འདུའི་མཛད་སྒོར་ཞུགས།

ཚོགས་ཞུགས་མི་སྣས་གཏམ་བཤད་ལ་ཉན་བཞིན་པ།

འབའ་རྫོང་རྨ་ཆུའི་འབྱུང་ཡུལ་ཚོང་དོན་དངོས་གཉེར་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་ཚའོ་ཧེ་ཧོན་གྱིས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

ཚོགས་ཞུགས་མི་སྣས་ཀོའུ་ལི་སྐོམ་ཆུའི་བྲོ་བར་མྱོང་བཞིན་པ།

མདོ་དབུས་མཐོ་སྒང་བཏུང་ཆུ།

མདོ་དབུས་མཐོ་སྒང་བཏུང་ཆུ།

ཀོའུ་ལི་སྐོམ་ཆུ།

མདོ་དབུས་མཐོ་སྒང་བཏུང་ཆུ་ཐོན་སྐྱེད་བྱེད་བཞིན་པ།

མདོ་དབུས་མཐོ་སྒང་བཏུང་ཆུ་བཟོ་གྲྭའི་ཟུར་ཞིག

1

ཉོ་ཚོང་གན་རྒྱ་འཇོག་བཞིན་པ།

ཉོ་ཚོང་གན་རྒྱ་འཇོག་བཞིན་པ།

གསར་དུ་ཐོན་སྐྱེད་བྱས་པའི་མདོ་དབུས་མཐོ་སྒང་བཏུང་ཆུ་དང་ཀོའུ་ལི་སྐོམ་ཆུ།

གསར་དུ་ཐོན་སྐྱེད་བྱས་པའི་མདོ་དབུས་མཐོ་སྒང་བཏུང་ཆུ།

གསར་དུ་ཐོན་སྐྱེད་བྱས་པའི་མདོ་དབུས་མཐོ་སྒང་བཏུང་ཆུ་དང་ཀོའུ་ལི་སྐོམ་ཆུ།

 

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། སྟོབས་ལྡན་རྒྱལ། ཐུབ་བསྟན།