ཟླ་བཞི་པའི་ཚེས་དགུ་ཉིན་ནས་བཅུ་གསུམ་ཉིན་བར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་སྡེ་བའི་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིས་བརྒྱ་དང་བདུན་ཅུ་ལྷག་རྩ་འཛུགས་བྱས་ཏེ། མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་བསྐྱོད་ནས། ཞིང་འབྲོག་ས་ཁུལ་གྱི་གཞི་རིམ་ཏང་གི་རྩ་འཛུགས་འཛུགས་སྐྲུན་དང་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས། མཛེས་པའི་ཞང་སྡེའི་འཛུགས་སྐྲུན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་གནད་ཁེལ་དབུལ་སྐྱོར་སོགས་འབུར་དུ་ཐོན་པའི་བྱ་བར་ལྟ་ཞིབ་སློབ་སྦྱོང་བྱས།
ཞང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ཏུ་བསྟར་ཆེད། རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ལ་ཁ་གཏད་དེ“ཏང་གཤིས་བློ་སྦྱོང་ས་ཚིགས”བཙུགས་ནས། སྡེ་བ་སོ་སོའི“ཨུ་ཡོན་ལྷན་ཁང”གཉིས་ཀྱི་འགན་ཁུར་བ་གཙོ་བོའི་ཤེས་རྒྱ་མཐོང་རྒྱ་བསྐྱེད་པས། ཏང་འཛུགས་ཀྱིས་སྣེ་འཁྲིད་པ་དང་ལས་རིགས་སོ་སོ་བརྟན་བརླིང་ངང་མདུན་དུ་སྐྱོད་པའི་ལས་སྒོ་གསར་སྤེལ་གྱི་སྲོལ་བཟང་སྐུལ་སྤེལ་བྱས། མིག་སྔར། རྨ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་སྡེ་བའི་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིས་བརྒྱ་དང་བདུན་ཅུ་ལྷག་རྩ་འཛུགས་བྱས་ཏེ་ཁྲི་ཀ་དང་རྐང་ཚ། མདའ་བཞི། ཟི་ལིང་སོགས་སུ་བསྐྱོད་དེ་ཉིན་གསུམ་རིང་གི་ལྟ་སྦྱོང་སྤེལ་བ་དང་། ཆེས་གཞི་རིམ་གྱི“མཛུབ་སྟོན་པ”ལས་གཞན་གྱི་ལེགས་ཆ་སློབ་པ་དང་རང་གི་ཞན་ཆ་བཙལ་ཏེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་བཅོས་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་གྲོང་གསེབ་དར་རྒྱས་ཀྱི་སྔོན་རྗེས་ཟིན་གང་ཐུབ་བྱས།
ཡུལ་དངོས་ཀྱི་ལྟ་སྦྱོང་བྱེད་སྒོའི་སྔོན་དུ། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་དང་རྨ་ལྷོ་ཁུལ་ཨུའི་ཏང་གི་སློབ་གྲྭ། རྨ་ལྷོ་ཁུལ་ཐད་གཏོགས་སྡེ་ཁག་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གདན་དྲངས་ཏེ། ཟབ་སྦྱོང་ལ་ཞུགས་མཁན་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་དང་པོ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་ཀློག་འགྲེལ་བྱས་པར་མ་ཟད། ཟབ་སྦྱོང་ལ་ཞུགས་མཁན་ཚོར་ཉིན་གཉིས་རིང་སྡེ་བའི་དབུ་ཁྲིད་རྣམ་གཉིས་ཀྱི་གསོ་སྐྱོང་དང་ཞང་སྡེའི་དབུལ་སྐྱོར་གནད་ཁེལ། དམངས་སྲིད་ལས་གཉེར་ཤེས་བྱ་སོགས་ཀྱི་འབྲེལ་ཡོད་གསོ་སྐྱོང་སྦྱོང་བརྡར་བྱས།
དེའི་རྗེས་ཀྱི་ཉིན་གསུམ་ནང་། རྨ་ལྷོ་ཁུལ་གྱི་སྡེ་བའི་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིས་བརྒྱ་དང་བདུན་ཅུ་ལྷག་གིས་ཁྲི་ཀ་རྫོང་དཀར་བརྗིད་ཞང་ནས་ཏང་འཛུགས་དཔེ་སྟོན་སྡེ་བའི་འཛུགས་སྐྲུན་དང་ཁྲི་ཀའི་འབྲེལ་དྲ་དང་སྐྱེ་ཁམས་བློ་རིག་ཚན་རྩལ་ཞིང་ལས་གཟིགས་ལྗོངས་ཀྱི་དཔེ་སྟོན་ར་བ། ཁྲིམཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཁྱད་ལྡན་མཁར་གྲོང་འཛུགས་སྐྲུན། མདའ་བཞི་རྫོང་གསེར་ཐང་སྡེ་བའི“དོན་བཟང་དོན་ངན”ཐོ་འགོད་ལམ་ལུགས། ཟི་ལིང་གྲོང་ཁྱེར་ཏ་པོ་ཙི་ཞང་གི་ཞིང་རྨོའི་རིག་གནས་ཐོན་ལས་ར་བའི་འཛུགས་སྐྲུན་སོགས་ལ་ལྟ་ཞིབ་སློབ་སྦྱོང་བྱས་ཏེ། ཁྱོན་ཡོངས་དང་ཟུར་མང་པོ་ནས་མཛའ་མཐུན་ཁུལ་དང་གྲོང་ཁྱེར་གྱི་ཞིང་འབྲོག་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྱོང་དང་། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས། མཛེས་པའི་ཞང་སྡེའི་འཛུགས་སྐྲུན། ཞང་སྡེ་དར་རྒྱས་འཐབ་ཇུས་དང་གནད་ཁེལ་དབུལ་སྐྱོར་སོགས་ཀྱི་ཐད་ནས་སྔོན་ཐོན་གྱི་ཉམས་མྱོང་དང་མན་ངག་བླངས།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཀླུ་མཁར་རྒྱལ།