རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྟོབས་ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།
2018.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་མཐུད་དུ་བརྟན་འཇགས་སྒོས་འཕར་སྣོན་གཏོང་བ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་བདེ་བསྐྲུན་པ་བཅས་ཀྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག སྔོན་དཔག་བྱས་པ་ལྟར་ན། དུས་ཚིགས་དང་པོར། ཁུལ་ཡོངས་ཀྱིས་གཏན་འཇགས་མ་རྩའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་ཡོངས་གྲུབ་བྱས་པ་དང་དུས་མཉམ་ལས་བརྒྱ་ཆའི་ང་བརྒྱད་འཕར་ཡོད།

དངུལ་གཏོང་ཁྱབ་ཁོངས་ཐད་ནས་བལྟས་ན། དོན་འཁྱོལ་བྱས་པའི་ལས་གཞི་མང་པོ་ཡོད་དེ། དུས་ཚིགས་དང་པོར་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་ལས་གཞི་ཞེ་གསུམ་དང་མ་དངུལ་སྒོར་འབུམ་གཅིག་དོན་འཁྱོལ་བྱས་པ་དང་། ན་ནིང་དང་བསྡུར་ན་དངུལ་གཏོང་ལྡབ་གཅིག་གིས་ཇེ་མང་དུ་སོང་ཡོད། དངུལ་གཏོང་གཞི་ཁྱོན་ཐད་ནས་བལྟས་ན། ཆ་སྙོམས་ཀྱིས་མ་དངུལ་བཏང་ཚད་མང་བ་དང་། སྒོར་བྱེ་བ་ལྔའི་ཡན་གྱི་ལས་གཞི་ལྔ་དོན་འཁྱོལ་བྱས་པ་དང་། དེ་ན་ནིང་གི་ལྡབ་གཉིས་ལྷག་ཡིན། དངུལ་གཏོང་འཕེལ་རིམ་ཐད་ནས་བལྟས་ན། སྔོན་ལ་ལས་མགོ་བརྩམས་པའི་ལས་གཞི་ཅུང་མང་པ་དང་། དུས་ཚིགས་དང་པོར་ཡང་བསྐྱར་ལས་མགོ་བརྩམས་པའི་ལས་གཞི་ཉིས་བརྒྱ་ཡོད་ལ། ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བཞིན་ཡོད།