ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཞིང་ལས་དང་སྲོག་ཆགས། སྐྱེ་དངོས་བཅས་ཀྱི་སྲུང་སྐྱོབ་ནུས་པ་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་བརྩོན་ལེན་བྱས་ཏེ། རྩྭ་ཐང་གི་སྐྱེ་དངོས་གནོད་འཚེ་ལ་ཚོད་འཛིན་དང་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས། ཞིང་ལས་སྐྱེ་དངོས་ཀྱི་གནོད་འབུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་འཛུགས་སྐྲུན་ལས་གཞི་གསུམ་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་ལག་བསྟར་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཞིང་ལས་སྡེ་ཁག་གི་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་གནོད་འབུའི་གནོད་པ་དང་སྲོག་ཆགས་རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་ལ། སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་རྣམ་པ་དང་འཚམ་པའི་ལྟ་ཞིབ་ཚད་ལེན་མ་ལག་གྲུབ་པར་བྱས་ཏེ་དུས་ཐོག་ཏུ་སྲོག་ཆགས་དང་སྐྱེ་དངོས་ཀྱི་གནོད་འབུའི་གནོད་པ་སེལ་ནས་ཞིང་ཕྱུགས་ལས་ཐད་ཀྱི་ཐོན་སྐྱེད་བདེ་འཇགས་དང་ཞིང་ཐོན་དངོས་རྫས་ཀྱི་རྒྱུ་སྤུས་བདེ་འཇགས། སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་བཅས་ལ་འགན་སྲུང་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་ཐུབ།