ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་རྫོང་ཁོངས་འཕེལ་རྒྱས་ཀྱི་དངོས་ཡོད་ལ་རྐང་བཙུགས་ཤིང་། འཇོན་མི་སྣ་ཚོགས་གནད་འདུས་གསོ་སྐྱོང་དང་ལེགས་པར་སྤྱོད་པ་ནས་ལག་བསྲིངས་ཏེ། རྒྱུན་ཆད་མེད་པར་འཇོན་མིའི་བྱ་བ་ལེགས་བཅོས་དང་བྱེད་ཐབས་སྣ་མང་སྤྱད་དེ་འཇོན་མིའི་བྱ་བའི་ལམ་སྲོལ་སྒྲིག་ལུགས་དང་བྱེད་ཐབས་གསར་སྐྲུན་ལ་སྐུལ་འདེད། འཇོན་མི་ཅན་གྱི་སྟོབས་ལྡན་རྫོང་གི་ཐབས་ཇུས་ལག་ལེན་གཏིང་ཟབ་བྱས་ནས། ཁྱད་ཆོས་གང་ཡོད་འདོན་པ་དང་འཇོན་ནུས་གང་ཡོད་འདོན་པ། དུས་བབ་གང་ལེགས་སྤྱོད་པའི་རྣམ་པ་གྲུབ་པར་བྱས།
རྒྱུས་ལོན་བྱས་པ་ལྟར་ན་དར་ལག་རྫོང་གིས་འབྲིང་རིམ་དང་ཐོག་མའི་རིམ་པའི་འཇོན་མི་གསོ་སྐྱོང་གི་འཆར་གཞི་དང་འབྲེལ་ནས་དབུལ་སྐྱོར་གསར་སྤེལ་དང་། སྐྱེ་ཁམས་ཁོར་སྲུང་། འཕྲོད་བསྟེན་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་གི་འཇོན་མི་གསོ་སྐྱོང་དང་སྣེ་འཁྲིད་རྒྱུ་མ་ཟད། ཤུགས་ཆེན་པོས་རྫོང་ཁོངས་ཀྱི་ཚན་རྩལ་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས། ཁེ་ལ་དོ་དམ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་སྔོག་འདོན་བྱས་ཏེ། དབུལ་སྐྱོར་དང་སློབ་གསོ། མ་མཐའི་འགན་སྲུང་། སྨན་བཅོས་རོགས་སྐྱོར། དངུལ་རྩའི་དབུལ་སྐྱོར། ལས་སྒོ་གསར་སྤེལ་གྱི་ལས་མི་སོགས་ཀྱི་ནང་དོན་ཐད་ནས་ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གསོ་སྐྱོང་དང་ལས་བྱེད་པའི་ཕྱོགས་བསྡུས་སྤུས་ཚད་དང་ལས་གཉེར་ནུས་རྩལ་ལ་གཞོལ་ཏེ། ཆབ་སྲིད་སྤུས་ཚད་མཐོ་ཞིང་ལས་གཉེར་ཆུ་ཚད་མཐོ་བའི་འཇོན་མིའི་དཔུང་སྡེ་བསྐྲུན།
“པེ་ཅིན་ན་གཞོན་ཆེད་མཁས་པའི་ཞབས་ཞུའི་ཚོགས་པ”དང“མཐོ་རིམ་གསར་སྐྲུན་འཇོན་མི་སྟོང་གི་འཆར་གཞི།”“འབུམ་རམས་པའི་ཞབས་ཞུའི་ཚོགས་པ”སོགས་འདེམ་མངགས་འཆར་གཞི་འགག་རྩར་བཟུང་ཞིང་། རྫོང་ཡོངས་ཀྱི་དངོས་ཡོད་ལ་གཞིགས་ཏེ་ཡུལ་ཁོངས་དཔལ་འབྱོར་དང་ས་གནས་ཀྱི་ནད་རིམས་འགོག་བཅོས། མི་རིགས་སློབ་གསོ་སོགས་ཀྱི་ཆེད་མཁས་པ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། འཚོལ་ཞིབ་མཚམས་མེད་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་དང་འཚམ་པའི་འཇོན་མིའི་བྱ་བའི་ལམ་སྲོལ་བཙུགས། སྲིད་ཇུས་རྒྱབ་རྟེན་དུ་བྱས་ཏེ་དཔུང་སྡེའི་སྒྲིག་གཞི་ལེགས་བཅོས་དང་ལོ་ཚོད་དང་བསླབ་གནས། ཆེད་ལས་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ཤིང་ཕུལ་བྱུང་འཇོན་མི་སྡེ་བའི་ནང་བསྡད་དེ་ཏང་འཛུགས་གནད་འཛིནདང་དབུལ་ཐར་སྐུལ་འདེད། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ནི་མཁྲེགས་གཏོར་གྱི་བཙན་རྫོང་མཁྲེགས་པོར་བཟུང་ནས་དབུལ་ཐལ་མཁྲེགས་གཏོར་གྱི“ཤེས་རིག་གི་བང་མཛོད”དུ་བསྐྲུན་ཞིང་ནུས་ཤུགས་གང་ཡོད་ཀྱིས་དབུལ་ཕོངས་སྡེ་བ “དབུལ་ཕོངས་ལས་ཐར་བ་དང་དབུལ་ཐར་ངོ་མ་འབྱུང་བར”གཞོགས་འདེགས་བྱས།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་བདེ་སྐྱིད་པད་མོ།