ཉིས་སྟོང་བཅོ་བརྒྱད་ལོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྟེང་སོའི་ལང་ཚོའི་རྦབ་ཆུ་དང་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་གཅན་ཚ་ནས་སྤེལ།(图文)
2018.04.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 167

1.png

གཅན་ཚ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲུའུ་ཡུས་ཡུན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྟེང་སོའི་ལང་ཚོའི་རྦབ་ཆུ་དང་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་འགོ་རྩམ་མཛད་སྒོའི་སྟེང་ཤིས་ཚིག་འབུལ་བཞིན་པ།

7.png

ཐེངས་འདིའི་འགྲན་སྡུར་ལ་ཞུགས་པར་ཡོང་བའི་ཕྱོགས་ཡོངས་ཀྱི་འགྲན་ཞུགས་རུ་ཁག་གི་དཔུང་སྡེ།

2.png

ཨེ་མ། དེ་ལས་ཀྱང་ཉམས་དགའ་བ་ནི་མདུན་ཕྱོགས་ཀྱི་བྲག་ངོས་གཟར་བོ་ན་ཆལ་ཆིལ་དུ་འབབ་པའི་ལང་ཚོའི་རྦབ་ཆུ་རེད།

3.png

རྐང་ལམ་ཕྲ་མོ།

6.png

ཁྲི་ཀ་དགོན་པའི་ཨ་ཁུ་ཆོས་དར་གྱིས་གནས་དེའི་ངོ་མཚར་བཀོད་པ་དང་དཔལ་དོན་གྲུབ་རྒྱལ་མཆོག་གི་ལོ་རྒྱུས་ངོ་སྤྲོད་གནང་བཞིན་པ།

8.png

སྟེང་སོ་ཞང་གི་དམངས་ཆེན་ཀྲུའུ་ཞི་པདྨ་དབང་ཆེན་གྱིས་ཐེངས་འདིའི་ལང་ཚོའི་རྦབ་ཆུ་དང་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་བསྡུ་བའི་དམིགས་ཡུལ་དང་དགེ་མཚན་གྱི་སྐོར་གླེང་བཞིན་པ།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབྱངས་ཅན་དང་དཔའ་བརྟན་རྒྱལ་གཉིས་ཀྱིས་སྒྲ་བླངས་ནས་བཀོད་པའི་གསར་འགྱུར།
གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་བཅོ་བརྒྱད་ལོའི་མི་རིགས་མཐུན་སྒྲིལ་རྟགས་མའི་སྟེང་སོའི་ལང་ཚོའི་རྦབ་ཆུ་དང་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན་གཅན་ཚའི་དགུ་རོང་མཐིལ་སྡེ་བ་ནས་བསྡུས། འདི་ནི་ད་ལོར་གཅན་ཚ་རྫོང་གིས་སྒྲུབ་པའི་རྐང་ཐང་ལུས་སྦྱོང་འགྲན་སྡུར་ཐེངས་གཉིས་པ་ཡིན་ལ། འགྲན་སྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་བཅུ་དང་གྲངས་ཆུང་དྲུག་ཡོད། ཐེངས་འདིའི་འགྲན་སྡུར་ལ་མཚོ་སྔོན་ཞིང་ཆེན་ལྗོངས་བགྲོད་ལུས་རྩལ་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་ཞིང་ཆེན་ཕྱི་ནང་གི་རྐང་ཐང་འགྲན་སྡུར་ལ་དགའ་བའི་འགྲན་ཞུགས་པ་ལྔ་བརྒྱ་དང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྩ་འཛུགས་བྱས་པའི་རྐང་ཐང་འགྲན་སྡུར་ལ་དགའ་བའི་མི་ཉིས་བརྒྱ། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡིས་རྩ་འཛུགས་བྱས་པའི་རྐང་ཐང་ལ་དགའ་བའི་འགྲན་ཞུགས་པ་སུམ་བརྒྱ་བཅས་མི་སྟོང་གཅིག་ལྷག་ཞུགས་ཡོད། གཅན་ཚ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲུའུ་ཡུས་པའོ་ཡིས་བཤད་རྒྱུར། གཅན་ཚ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་གཅན་ཚའི་རིག་གནས་ཡུལ་སྐོར་གྱི་ཕྱི་ཕྱོགས་ཤུགས་རྐྱེན་ཇེ་ཆེར་གཏོང་བ་དང་སྟེང་སོ་ཞང་གི་གྲོང་གསེབ་ཡུལ་སྐོར་ཐོན་ཁོངས་སྔོགས་འདོན་བྱེད་པ། བརྩེ་སེམས་ཀྱིས་ཕྱུག་པའི་གཅན་ཚའི་མཚན་སྙན་མཐོར་འདེགས་གཏོང་བ། རིག་གནས་ལུས་རྩལ་དང་ཡུལ་སྐོར་ལས་རིགས་གཉིས་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་བ་དམིགས་འབེན་དུ་བྱེད་པ། འདྲ་མཉམ་མཐུན་སྒྲིལ་དང་རོགས་ལས་འཆམ་མཐུན་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། རྒྱ་ཆེ་བའི་མི་དམངས་མང་ཚོགས་སྔར་ལས་ལུས་རྩལ་སྦྱོང་བརྡར་ཁྲོད་ཞུགས་པར་སྣེ་ཁྲིད་དང་སྐུལ་མ་བཏང་སྟེ། རང་རྫོང་གི་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་གཏིང་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར། སྟེང་སོ་ཞང་ནི་གཅན་ཚ་རྫོང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ་སོ་དགུའི་འཚམས་སུ་ཆགས་ཡོད་ལ། གནས་འདི་ནི་བོད་ཀྱི་རིག་པའི་དཔའ་བོ་སྐུ་ཞབས་དོན་འགྲུབ་རྒྱལ་མཆོག་གི་འཁྲུངས་ཡུལ་ཡིན་པར་མ་ཟད། ཁོང་གིས་བརྩམས་གནང་མཛད་པའི་ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོ་གཉིས་གཙོ་བྱས་པའི་གསར་རྩོམ་གྱི་རིག་པའི་ས་བོན་ཡང་གནས་འདི་ནས་འབུས་འགོ་བརྩམས་པ་རེད། ཁྲི་ཀ་དགོན་པའི་ཨ་ཁུ་ཆོས་དར་ལ་མཚོན་ན་ཡང་དེ་རིང་ཁྱེད་དུ་ཡུལ་དངོས་འདིར་ཡོང་ནས་དགུ་རོང་མཐིལ་གྱི་ངོ་མཚར་བའི་རི་ཆུ་ནགས་གསུམ་གྱི་བཀོད་པ་སྣ་ཚོགས་དང་། ནང་དགོས་སུ་དཔལ་དོན་འགྲུབ་མཆོག་གི་བརྩམས་ཆོས་ལས་མངོན་པའི་ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོའི་སྐོར་ནས་རེ་རེ་བཞིན་ངོ་སྤྲོད་གནང་བྱུང་།

༼ཨ་ཁུ་ཆོས་དར་གྱི་སྐད་ཆ༽

སྟེང་སོ་ཞང་གིས་ཐེངས་འདིའི་ལང་ཚོའི་རྦབ་ཆུ་དང་ཡུལ་སིལ་མེ་ཏོག་དུས་ཆེན་གྱི་རྐང་ཐང་འགྲན་སྡུར་བྱ་འགུལ་གོ་སྐབས་སུ་འཛིན་པ་དང་། ལྷག་པར་དུ་དཔལ་དོན་འགྲུབ་རྒྱལ་མཆོག་གི་མཚན་སྙན་ལ་བརྟེན་ནས་ས་གནས་ཀྱི་ཡུལ་སྐོར་རིག་གནས་སྔོག་འདོན་དང་རིག་གནས་ཡུལ་སྐོར་གྱི་མིང་གྲགས་མཚན་སྙན་གསར་སྐྲུན་བྱས་ཏེ། མི་དམངས་མང་ཚོགས་སྔ་མོ་ནས་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་འདོད་ཡོད་ཟེར།


༼འདིའི་སྐོར་ནས་སྟེང་སོ་ཞང་དམངས་ཆེན་ཀྲུའུ་ཞི་པདྨ་དབང་ཆེན་གྱིས་བཤད་རྒྱུར།༽
 

གསར་འགོད་པ། དཔའ་བརྟན་རྒྱལ། དབྱངས་ཅན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།