མིག་སྔར་ཐུན་ཏེ་རྫོང་གིས་དུས་རབས་གསར་བ་དང་གོ་སྐབས་གསར་བར་ཁ་ཕྱོགས་ཏེ། མིག་སྔར་དོ་ཁུར་བྱེད་ཀྱིན་པའི་དམངས་འཚོའི་ལས་གཞི་སྟེ་ཐུན་ཏེ་རྫོང་རྐ་རྒན་ཆུ་མཛོད་ལས་གཞིའི་བསྐྱར་སྐྲུན་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས།
རྐ་རྒན་ཆུ་མཛོད་ལས་གཞི་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། མིག་སྔའི་བར། བསྡོམས་རྩིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གསུམ་བཏང་། ཉིས་སྟོང་བཅོ་བརྒྱད་ལོར། རྐ་རྒན་ཆུ་མཛོད་འཛུགས་སྐྲུན་ལས་གཞི་ཡིས་མ་དངུལ་སྒོར་ཁྲི་དྲུག་སྟོང་བདུན་བརྒྱ་ལྷག་བཏང་སྟེ་རགས་ཆེན་དང་ཆུ་ལོག་བཞུར་ལམ་སྐོང་བསྐྲུན་སོགས་འཛུགས་སྐྲུན་ལས་འགན་འགྲུབ་ལ། དེ་མིན་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པར་ཁྱོན་ཡོངས་ནས་འཛུགས་སྐྲུན་ལས་འགན་འགྲུབ་པའི་འཆར་བཀོད་འཐེན།
ལས་གཞི་འཛུགས་སྐྲུན་བྱས་རྗེས། ས་མུའུ་ཁྲི་ལྔ་དང་སྟོང་བཞི་ལ་རྐ་ཆུ་དང་མི་ཁྲི་བཞི་དང་སྟོང་བཞི་། ཕྱུགས་ཟོག་འབུམ་གསུམ་དང་ཁྲི་ལྔ་བཅས་ཀྱི་འཐུང་ཆུའི་གནད་དོན།ཤང་དང་གྲོང་རྡལ་གྱི་འཐུང་ཆུ་མི་འདང་བའི་གནད་དོན་སོགས་ཐག་གཅོད་བྱས་ཏེ། ཐུན་ཏེ་རྫོང་གི་བདེ་ཐང་ཐད་ཆུའི་ཐོན་ཁུངས་ལེགས་པོ་ཞིག་འདོན་སྤྲོད་བྱེད་པར་ཁག་ཐེག་བྱས།