མཚོ་བྱང་ཁུལ་ཆི་ལེན་རྫོང་གིས་བཅུ་ཅན་གཉིས་ཀྱི་ཚད་གཞི་ཕྱིར་བཏོན་ནས་ཏང་ཡོན་དང་སྡེ་བའི་ལས་བྱེད་པའི་སྤྱོད་ཚུལ་ཚད་ལྡན་དུ་བཏང་།
2018.04.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་དང་སྡེ་བའི་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་དོ་དམ་ཞིབ་ཚགས་སུ་གཏོང་བ་ནས་མགོ་བརྩམས་ཏེ་ཆི་ལེན་རྫོང་གི་ཏང་ཡོན་གྱིས་སྣེ་ཁྲིད་བྱེད་དགོས་པ་བཅུ་དང་སྒྲུབ་མི་ཆོག་པ་བཅུ། རོང་འབྲོག་ཁུལ་གྱི་ལས་བྱེད་པར་དགོས་པ་བཅུ་དང་མི་དགོས་པ་བཅུའི་ལས་འགན་ལག་བསྟར་རྩིས་ཁྲ་དང་ལྡོག་ཕྱོགས་རྩིས་ཁྲ་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་ནས་ཏང་ཡོན་དང་སྡེ་བའི་ལས་བྱེད་པའི་སྤྱོད་ཚུལ་ཚད་ལྡན་དུ་བཏང་།

བཅུ་ཅན་གཉིས་ཀྱི་ཚད་གཞིས་ཆབ་སྲིད་སྒྲིག་སྲོལ་དང་ཏང་གཤིས་རྩ་དོན། འགན་འཁྲི་ཁག་ཁུར། བྱ་བའི་སྤྱོད་ལམ། མང་ཚོགས་ལ་ཞབས་འདེགས་ཞུ་བ། འཚོ་བའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་སོགས་ཕྱོགས་བདུན་ཐད་ནས་ཏང་ཡོན་ཏང་ལ་དགའ་དགོས་པ་དང་ཏང་ལ་བཀུར་དགོས་པ། ཡིད་ཆེས་ཡོད་དགོས་པ། དུས་རྒྱུན་ཆབ་སྲིད་འཚོ་བའི་ཁྲོད་ཞུགས་དགོས་པ་སོགས་བྱེ་བྲག་གི་སྤྱོད་ཚུལ་བཅུ་དང་། སྡེ་བའི་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་སྡེ་བ་ཡོངས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ལ་འཆར་འགོད་བྱེད་དགོས་པ་སོགས་ཀྱི་བྱེ་བྲག་གི་སྤྱོད་ཚུལ་བཅུའི་ལས་འགན་ལག་བསྟར་རྩིས་ཁྲ་བཏོན་ནས་རྫོང་ཡོངས་ཀྱི་ཏང་ཡོན་དང་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་ཉིན་རྒྱུན་གྱི་སྤྱོད་ཚུལ་དང་བྱ་བ། འཚོ་བའི་ཁྲོད་ནས་མིག་དཔེ་སྟོན་དགོས་པའི་སྐུལ་མ་བཏང་། ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་རྩ་དོན། སྒྲིག་ཁྲིམས་བརྩི་སྲུང་། མང་ཚོགས་འདུ་ཤེས། འཚོ་བའི་སྤྱོད་ཚུལ་སོགས་ཕྱོགས་དྲུག་ཐད་ནས་ཏང་ཡོན་གྱི་ཏང་ཕྱི་ནང་གི་སྤྱོད་ཚུལ་འགལ་བ་ཡིན་པ་དང་ཏང་གཤིས་མེད་པ་སོགས་ཀྱི་བྱེ་བྲག་གི་སྤྱོད་ཚུལ་བཅུ་དང་སྡེ་བའི་ལས་བྱེད་པས་སྒེར་དོན་ལས་གཞུང་དོན་མི་བསམ་པ་སོགས་ཀྱི་བྱེ་བྲག་གི་སྤྱོད་ཚུལ་བཅུའི་ལྡོག་ཕྱོགས་ཀྱི་རྩིས་ཁྲ་བཏོན་ནས་ཏང་ཡོན་དང་སྡེ་བའི་ལས་བྱེད་པ་དག་གིས་སྒྲུབ་མི་ཆོག་པའི་སྤྱོད་ཚུལ་གཏན་ཁེལ་བྱས།

བཅུ་ཅན་གཉིས་ཀྱི་ཚད་གཞིར་དྲང་ཕྱོགས་ཀྱི་བྱེད་ནུས་དང་ལྡོག་ཕྱོགས་ཀྱི་བཀག་རྒྱ་ཡོད་དེ་རྫོང་ཡོངས་ཀྱི་ཏན་ཡོན་དང་སྡེ་བའི་ལས་བྱེད་ཅི་ཞིག་སྒྲུབ་དགོས་པ་དང་སྒྲུབ་མི་ཆོག་པ་གཏན་ཁེལ་བྱས་ཏེ་ཏང་ཡོན་དང་སྡེ་བའི་ལས་བྱེད་པའི་འགན་འཁྲི་ཇེ་དྲག་ཏུ་བཏང་།