ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ནི་རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་ཡིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ནད་སྐྱོང་ལས་དོན་འཕེལ་རྒྱས་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཅིང་། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བའི་དུས་མཚུངས་སུ། སློབ་གསོ་བདེ་ཐང་དང་དམངས་ཚིས་བདེ་སྐྱིད་སོགས་ལ་སྐུལ་འདེད་བཏང་ནས་དེ་བསྟུན་གྱི་བྱེད་ནུས་མི་དམན་པ་ཐོབ་ཡོད།
བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་ནད་གཡོག་པའི་མིང་ཐོ་དངོས་སུ་བཀོད་ཡོད་པ་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་བཅུ་གསུམ་ཡོད་ཅིང་། དེ་ནི་ཉིས་སྟོང་བཅུ་ལོ་དང་བསྡུར་ན། མི་སྟོང་རེའི་ནང་དུ་ནད་གཡོག་པར་མིང་ཐོ་འགོད་མཁན་གཅིག་དང་གྲངས་ཆུང་བཞི་དྲུག་ནས་དང་གྲངས་ཆུང་བཞི་དགུ་ལ་སླེབས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང་གིས་ནད་སྐྱོང་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱས་ཏེ། ནད་ཁང་གི་ནད་སྐྱོང་ཁེབས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།