ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་།
2018.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ད་ལོའི་ལོ་མགོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་ལོ་ཆུང་བྱིས་པ་དག་སློབ་གྲྭར་ཞུགས་ཐུབ་པར་འགན་སྲུང་བྱས།

རྫོང་རིམ་པའི་ལས་བྱེད་པས་སྡེ་བའི་ནང་དངོས་སྡོད་ཞིབ་འཇུག་བྱེད་པ་དང་ཁོ་རིམ་པའི་ལས་བྱེད་པ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་རིམ་པ་རེ་རེ་དོན་འཁྱོལ་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱས། ཁྲི་འདུ་རྫོང་གིས་ཁྲི་འདུ་རྫོང་གི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱེད་པའི་བྱ་བའི་སྐོར་གྱི་ལག་བསྟར་ཇུས་གཞི་གཏན་ཁེལ་བྱས་ཏེ་ཕྱིར་བཏོན་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གང་ལེགས་སྒོས་མཐུན་སྦྱོར་བྱས་ཏེ་ལས་ཁུངས་མང་པོ་མཉམ་སྒུལ་བྱེད་པ་དང་ཕྱོགས་བསྡུས་དོ་དམ་བྱེད་པ། སྟོབས་ཤུགས་གཅིག་བསྡུས་སྒོས་སློབ་བྱོལ་ཚོད་འཛིན་བྱེད་པའི་སྐུལ་འདེད་ནང་རྐྱེན་བཙུགས་པ་དང་། སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་ཐད་ནས་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་མཉམ་སྒུལ་བྱེད་པ་ལག་བསྟར་བྱས་ནས་སྟོབས་ཤུགས་ཡོད་རྒུས་སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་འགན་སྲུང་བྱ་བ་སྤེལ།

ཁྲི་འདུ་རྫོང་གིས་སློབ་ལོ་རན་པའི་ལོ་ཆུང་བྱིས་པའི་ཁ་གྲངས་དང་གནས་ཚུལ་གསལ་བོ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྤྱི་བདེ་དང་དབུལ་སྐྱོར། ཆོས་ལུགས། སློབ་གསོ་སོགས་སྡེ་ཁག་སྐུལ་སློང་བྱས་ཏེ་རྫོང་ཁོངས་ཀྱི་སློབ་ལོ་རན་པའི་ལོ་ཆུང་བྱིས་པའི་གཞི་གྲངས་དཔྱད་ཞིབ་བྱ་བ་གཟབ་ནན་གྱིས་སྤེལ་ཏེ་སློབ་བྱོལ་བྱས་པ་དང་སློབ་ཞུགས་བྱས་མེད་པའི་སློབ་ལོ་རན་པའི་སློབ་མ་ཡང་བསྐྱར་སློབ་གྲྭར་འགྲོ་བར་སྐུལ་སློང་བྱེད་པའི་བྱ་བར་ཞིབ་ཅིང་ཕྲ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།

མིག་སྔའི་བར། ཁྲི་འདུ་རྫོང་གིས་སློབ་ལོ་རན་པའི་ལོ་ཆུང་བྱིས་པ་སྟོང་གཅིག་དང་སུམ་བརྒྱ་གོ་གཉིས་ཀྱི་ཁྱིམ་བདག་བར་བྱིས་པ་སློབ་གྲྭར་སྐྱེལ་བའི་ཁས་ལེན་ཡི་གེ་བཀོད་ཡོད་པ་དང་། ཁས་ལེན་ཡི་གེ་བཀོད་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གཉིས་ལ་སླེབས་ཏེ་ནུས་ཡོད་སྒོས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་ལོ་ཆུང་བྱིས་པ་སློབ་གྲྭ་འགྲོ་བར་འགན་སྲུང་བྱས།