2018ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བའི་ཁམས་རའི་རྒྱལ་ཁབ་སྤྱི་གླིང་ལྗོངས་ཕྱིའི་རྐང་ཐང་གནས་འགྲུལ་བྱ་འགུལ་སྤེལ།
2018.05.19 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 41

IMG_3699.jpg

གཅན་ཚ་རྫོང་མི་དམངས་སྲིད་གཞུང་དང་། ཁམས་རའི་ལྗོངས་རྒྱུའི་བེད་སྤྱོད་དོ་དམ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གུང་གཅན་ཚ་རྫོང་ཨུ་དྲིལ་སྒྲོག་པུའུ་དང་། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་གནང་བའི2018ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བའི་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལྗོངས་ཕྱིའི་རྐང་ཐང་གནས་འགྲུལ་བྱ་འགུལ་དེ་ཟླ5བའི་ཚེས19ཉིན་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནས་བསྡུས།

“5.19”ཉིན་ནི་ཐེངས་བརྒྱད་པའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བའི་དུས་ཆེན་ཡིན་པ་མ་ཟད། ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་འབྲས་རྟགས་ངོམས་པའི་ཉིན་མོའང་ཡིན། གཅན་ཚ་རྫོང་གིས“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཞེས་པའི་བྱ་འགུལ་གྱི་གོ་སྐབས་འདི་ཉིད་དམ་འཛིན་བྱས་ཏེ། ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་ཁྱད་ལྡན་ཡུལ་སྐོར་ཐོན་ལས་སོགས་གསར་སྤེལ་དང་འཛུགས་སྐྲུན་བྱེད་པ། མགྱོགས་མྱུར་སྒོས་རྫོང་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ལ་སྐུལ་འདེད་བྱས་ཏེ་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་རྣམ་པ་ཕུན་སུམ་ཚོགས་པའི་རིའི་མཚར་སྡུག་དང་། ཚང་ཚིང་གཡུ་ཡི་ནགས་ཚལ། ཕྱི་དར་བསྟན་པའི་འབྱུང་གནས་ཨ་ཆུང་གནམ་རྫོང་དགོན་པ། སྔོ་རྒྱ་འགག་གི་ཆུ་རགས་ས་ཚིགས་སོགས་ལྗོངས་རྒྱུའི་བསྟི་གནས་ཁྱད་པར་ཅན་དག་གི་མིང་བྱང་ཕྱིར་སྒྲོག་བྱེད་པ་དང་མཉམ་དུ “ལྗོངས་ཡོངས་ཡུལ་སྐོར་དང་། བདེ་སྐྱིད་འཚོ་བ”ཞེས་པའི་ཐེངས་འདིའི་བྱ་འགུལ་འདིས་དཔལ་ཡོན་ཡུལ་སྐོར་རྒྱུད་སྒྲོག་གི་མཚན་ཉིད་བརྩོན་ལེན་དང་། རིག་རྩལ་འཁྲབ་སྟོན་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱིས་ཁམས་རའི་ནང་ཁུལ་གྱི་རིག་གནས་སྲུང་འཛིན་དང་། ཡུལ་སྐོར་ཐོན་ལས་ངོམས་པར་བྱེད་པ། ལྗོངས་རྒྱུའི་མི་སྣ་ནང་འདྲེན་བྱེད་པའི་ཕྱོགས་ལ་དགེ་མཚན་མི་དམན་པ་ཐོན་ནོ།

བྱ་འགུལ་སྟེང་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།

གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཡང་ཞང་ཧྥིན་གྱིས་མཛད་སྒོར་མདོ་འཛིན་བྱེད་བཞིན་པ།

གཅན་ཚ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲུའུ་ཡོས་ཡོན་གྱིས་ཤིས་ཚིག་འབུལ་བཞིན་པ།

བྱ་འགུལ་གྱི་སྒྲིག་ལམ་ཁྱབ་སྒྲོག་བྱེད་བཞིན་པ།

རིག་རྩལ་འཁྲབ་སྟོན་ལ་མདོ་འཛིན་བྱེད་བཞིན་པ།

གཅན་ཚའི་གླུ་བ་ཤ་བོ་ཐར་གྱིས་དམངས་གླུ་ངག་ལ་འགུག་བཞིན་པ།

སྙན་མོ་གླུ་ཡི་འགྱུར་ཁུགས་ཀྱིས་ལྗོངས་རྒྱུ་བའི་ཡིད་སེམས་དབང་མེད་དུ་འཕྲོག

གཅན་ཚའི་གླུ་བ་རོང་རིན་ཆེན་གྱིས་བདེན་པའི་རང་སྒྲ་ཞེས་པའི་རྡུང་ལེན་ལེན་བཞིན་པ།

གཅན་ཚའི་གླུ་བ་ཡེ་ཤེས་འཛིན་གྱིས་གཅན་ཚའི་བུ་མོ་ཞེས་པའི་གླུ་དབྱངས་ལེན་བཞིན་པ།

གཅན་ཚའི་གླུ་མ་རྟ་མགྲིན་གཡང་མཚོ་ཡིས་སྐྱེས་ལྷ་སྲིན་པོ་ཞེས་པའི་དམངས་གླུ་ལེན་བཞིན་པ།

གཅན་ཚའི་གླུ་བ་རྟ་མགྲིན་ཚེ་རིང་གིས་སྦྲང་དཀར་རྩམ་པ་ཞེས་པའི་རྡུང་ལེན་ལེན་བཞིན་པ།

གཅན་ཚའི་གླུ་བ་རྡོ་རྗེ་རྒྱལ་གྱིས་སྙན་གཞས་ངག་ལ་འགུག་བཞིན་པ།

གཅན་ཚའི་གླུ་བ་རིག་འཛིན་རྡོ་རྗེས་མཛེས་སྡུག་གི་ཁམས་ར་ཞེས་པའི་གླུ་དབྱངས་ལེན་བཞིན་པ།

དྲི་མེད་ཀུན་ལྡན་འཁྲབ་སྟོན་བྱེད་བཞིན་པ།

གཅན་ཚའི་རིག་གནས་དང་འབྲེལ་བའི་དཔེ་དེབ་འགྲེམ་སྟོན་བྱེད་པ།

ཚོགས་རའི་ཟུར་ཞིག

ཐེངས་འདིའི་རྐང་ཐང་བྱ་འགུལ་ལ་ཞུགས་མཁན་རྣམས།

བྱ་འགུལ་འགོ་རྩོམ་པར་རེ་སྒུག་བྱེད་པ།

 

རྐང་ཐང་བྱ་འགུལ་དངོས་སུ་འགོ་བརྩམས་པ།

微信图片_20180519185431.jpg

རྐང་ཐང་བྱ་འགུལ་ནང་ཞུགས་པའི་ལུས་རྩལ་པ་རྣམས་ལ་དྲན་རྟེན་ལེགས་སྐྱེས་འབུལ་བཞིན་པ།

微信图片_20180519185420.jpg

རྐང་ཐང་བྱ་འགུལ་ནང་ཞུགས་པའི་ལུས་རྩལ་པ་རྣམས་ལ་དྲན་རྟེན་ལེགས་སྐྱེས་འབུལ་བཞིན་པ།