མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་མང་སྤེལ།
2018.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ལས་ཞུགས་ཅུའུ་ཡིས་ཞི་ཀང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་གདན་འདྲེན་ཞུས་ཏེ་ཞོལ་མ་ཞང་མུ་ཧོར་སྡེ་བ་དང་ཉིན་ལུང་སྡེ་བ་རུ་ཉིས་སྟོང་བཅོ་བརྒྱད་ལོའི་ཐུན་ཏེ་རྫོང་གི་ཁྱིམ་སྲིད་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཕྱུག་འགྱུར་བྱེད་པར་བགྲོད་ལམ་གསར་བ་བཏོད།

ཉེ་བའི་ལོ་འགའི་རིང་ལ། ཐུན་ཏེ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་གཏོང་ཆེད། རོང་འབྲོག་མང་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་པ་དང་རིགས་སོ་སོའི་ལས་གཞིའི་གསོ་སྦྱོང་ཐོན་ཁུངས་མཐུན་སྦྱོར་གང་ལེགས་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་མང་པོར་བསྒྲུབས་པ་དང་རོང་འབྲོག་མང་ཚོགས་ཀྱིས་རང་བདག་ལས་སྐྲུན་བྱེད་པར་རྩལ་ནུས་ཐད་ཀྱི་འགན་སྲུང་འདོན་སྤྲོད་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དུས་ཡུན་ཉིན་སུམ་ཅུ་ཡིན་པའི་གསོ་སྦྱོང་ཐད་བསྡོམས་པས་མ་དངུལ་སྒོར་འབུམ་བཞི་བཏང་བ་དང་། མི་ཉིས་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས་ཤིང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཁྲོད་ཚུར་སྣང་ཆེན་པོ་ཐེབས།