རང་ཞིང་གི་རིག་གནས་བརྗེ་རེས་བྱ་འགུལ་དེ་ཐེན་ཅིན་ནས་སྤེལ།
2018.05.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 5

གསར་འགོད་པས་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན།མཚོ་སྔོན་གྱི་མི་རིགས་དམངས་ཁྲོད་རིག་གནས་འགྲེམ་སྟོན་བྱས་ནས།མཚོ་སྔོན་དང་ཐེན་ཅིན་གཉིས་ཀྱི་ས་ཁུལ་རིག་གནས་བརྗེ་རེས་དང་མཉམ་འབྲེལ་ལ་སྐུལ་འདེད་གཏོང་ཆེད།རང་ཞིང་གི་རིག་གནས་བརྗེ་རེས་བྱ་འགུལ་དེ་ཐེན་ཅིན་ནས་སྤེལ།

ཐེངས་འདིའི་རིག་གནས་བརྗེ་རེས་བྱ་འགུལ་གྱིས་མཛེས་པའི་མཚོ་སྔོན་ལ་རིག་གནས་སྣ་མང་གིས་བཀྲག་མདངས་རྒྱས་ཡོད་ཅེས་པ་བརྗོད་གཞིར་བཟུང་ནས།མི་རིགས་གླུ་གར་གྱི་འཁྲབ་སྟོན་དང་ཤུལ་བཞག་ལས་གཞིའི་རྩལ་ནུས་འཁྲབ་སྟོན། མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཐོན་རྫས་འགྲེམ་སྟོན།མཚོ་སྔོན་ས་ཁུལ་གྱི་ཟས་རིགས་འགྲེམ་སྟོན།མཛེས་པའི་མཚོ་སྔོན་གྱི་པར་རིས་འགྲེམ་སྟོན། མཚོ་སྔོན་གྱི་དྲིལ་སྒྲོག་བརྙན་རིས་དང་ཆེད་སྒྲིག་བརྙན་རིས་སོགས་ཤར་གཏོང་བྱེད་པའི་རྣམ་པ་བརྒྱུད་ནས། མི་མང་པོ་ལ་མཚོ་སྔོན་གྱི་ཁྱད་འཕགས་རང་བྱུང་མཛེས་ལྗོངས་དང་།དུས་ཡུན་རིང་པའི་མི་ཆོས་ལོ་རྒྱུས། ཡུལ་སྲོལ་སོགས་ལ་ཉམས་སུ་མྱངས་ནས། སྔར་ལས་གཏིང་ཟབ་སྒོས་མཚོ་སྔོན་ལ་རྒྱུས་ལོན་དང་མཚོ་སྔོན་ལ་བསྐྱོད་དུ་བཅུག

ཐེན་ཅིན་གྲོང་ཁྱེར་གྱིས་ལོ་མང་པོར་ཁ་གཏད་རིགས་སྐྱོར་བྱས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིན་བྱས་དྲིན་དུ་གོ་ཞིང་། ས་ཁུལ་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད། ཐེངས་འདིའི་བྱ་འགུལ་ཁྲོད་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཟློས་གར་ངོ་མཚར་པའི་རེབ་གོང་ཞེས་པ་ཐེན་ཅིན་གྲོང་ཁྱེར་ཟློས་གར་ཁང་ནས་འཁྲབ་སྟོན་བྱས་ལ། འཁྲབ་སྟོན་ལས་རེབ་གོང་གི་ཐང་ག་དང་རྡོ་བརྐོས། གཙགས་དྲུབ།རེབ་གོང་ས་ཁུལ་གྱི་དམངས་ཁྲོད་གླུ་གར་འཁྲབ་ནས། ཞིང་ཆེན་ཕྱིའི་ལྟ་མཁན་རྣམས་ལ་མཚོ་སྔོན་གྱི་ཡུལ་སྲོལ་རིག་གནས་འགྲེམ་སྟོན་བྱས།