གཅན་ཚ་རྫོང་གིས2018ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བའི་ཁམས་རའི་རྒྱལ་ཁབ་སྤྱི་གླིང་ལྗོངས་ཕྱིའི་རྐང་ཐང་གནས་འགྲུལ་བྱ་འགུལ་སྤེལ།
2018.05.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 49

2018ལོའི་“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བ་དང་། ཁྱོན་ཡོངས་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཡུལ་སྐོར་འདུ་ཤེས་མཐོར་འདེགས་དང་དམངས་ཡོངས་ཀྱི་ཡུལ་སྐོར་སྤྲོ་སེམས་ཆེར་བསྐྱེད་པ། སྤྱི་ཚོགས་ཡོངས་ནས་ཡུལ་སྐོར་ལ་དོ་སྣང་དང་ཡུལ་སྐོར་ཁྲོད་ཞུགས་པ། ཡུལ་སྐོར་ལ་རྒྱབ་སྐྱོར་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ། ཤུགས་ཆེན་པོས་ཁམས་རའི་རྒྱལ་ཁབ་སྤྱི་གླིང་དྲིལ་སྒྲོག་བྱེད་པ། “ཀྲུང་གོའི་ཡུལ་སྐོར་ཉིན་མོ”དེ་ལྗོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོམས་པའི་ཉིན་མོ་དང་དྲིལ་སྒྲོག་ཉིན་མོ་རུ་འགྱུར་བར་སྐུལ་འདེད་བྱེད་ཆེད། གཅན་ཚ་རྫོང་མི་དམངས་སྲིད་གཞུང་དང་། ཁམས་རའི་ལྗོངས་རྒྱུ་དོ་དམ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་གཅན་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་། གཅན་ཚ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མི་དམངས་སྲིད་གཞུང་སོགས་ཀྱིས་འགན་སྒྲུབ་བྱས་པའི་2018ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བའི་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལྗོངས་ཕྱིའི་རྐང་ཐང་གནས་འགྲུལ་བྱ་འགུལ་དེ་ཟླ5བའི་ཚེས19ཉིན་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནས་བསྡུས།

IMG_6330.JPG

ཐེངས་འདིར་མཚོ་སྔོན་ཞིང་ཆེན་ལྗོངས་ཕྱིའི་ལུས་རྩལ་མཐུན་ཚོགས་དང་རྨ་ལྷོ་ཁུལ། གཅན་ཚ་རྫོང་བཅས་ཀྱི་མི་སྟོང་ལྷག་རྐང་ཐང་བྱ་འགུལ་ལ་ཞུགས་པ་དང་། ཨང་རིམ་མི་བགར་བར་བྱ་འགུལ་ལ་ཞུགས་མཁན་ཡོངས་ལ་དྲན་རྟེན་གྱི་ལེགས་སྐྱེས་ཕུལ་བ་རེད། ཐེངས་འདིའི་གཅན་ཚ་རྫོང་གི་2018ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”བསུ་བའི་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལྗོངས་ཕྱིའི་རྐང་ཐང་གནས་འགྲུལ་བྱ་འགུལ་སྤེལ་བ་དེས་རྐང་ཐང་གནས་འགྲུལ་ལ་དགའ་བའི་མི་དག་གིས་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་རྣམ་པ་ཕུན་སུམ་ཚོགས་པའི་རིའི་མཚར་སྡུག་དང་། ཚང་ཚིང་གཡུ་ཡི་ནགས་ཚལ། ཕྱི་དར་བསྟན་པའི་འབྱུང་གནས་ཨ་ཆུང་གནམ་རྫོང་དགོན་པ། སྔོ་རྒྱ་འགག་གི་ཆུ་རགས་ས་ཚིགས་སོགས་ལྗོངས་རྒྱུའི་བསྟི་གནས་ཁྱད་པར་ཅན་དག་གི་མཛེས་ཉམས་ལ་ལོངས་སྤྱོད་བྱེད་དུ་བཅུག་པར་མ་ཟད། མ་འོངས་པའི་གཅན་ཚ་རྫོང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཐད་དྲིལ་སྒྲོག་གི་ནུས་པ་མི་དམན་པ་ཞིག་ཐོན་པ་རེད།

IMG_6398.JPG
 ཁམས་རའི་སྤྱི་གླིང་གི་མཛེས་ཉམས།

IMG_6352.JPG

རྐང་ཐང་ལ་བསྐྱོད་པར་གྲ་སྒྲིག་བྱེད་བཞིན་པ། 

IMG_6368.JPG

ཁམས་རའི་མཛེས་ཉམས་ལ་རོལ་བཞིན་རྐང་ཐང་དུ་བསྐྱོད་བཞིན་པ།

IMG_6390.JPG

གཅན་ཚ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡི་ལས་བཟོ་བ་ཉི་མ་ཐར་ལ་བཅར་འདྲི་བྱེད་བཞིན་པ།

IMG_6392.JPG

རྐང་ཐང་གནས་འགྲུལ་ལ་ཞུགས་མཁན་གཅན་རྣམ་ཐར་ལ་བཅར་འདྲི་བྱེད་བཞིན་པ།

 

+

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།