རྨ་སྟོད་རྫོང་གིས་བྱེད་ཐབས་སྣ་མང་བཏོན་ཏེ་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལྕགས་རི་བརྟན་པོ་འཛུགས་སྐྲུན་བྱས།
2018.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ད་ལོའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་དམིགས་འབེན་འགན་ཁུར་ལ་དམ་དུ་དམིགས་ཏེ། མཉམ་སྒྲིག་ལེགས་སྒྱུར་དང་དོ་དམ་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། རྐྱེན་སྲོལ་གསར་སྐྲུན་སོགས་བྱེད་ཐབས་སྣ་མང་སྤྱད་དེ་ངེས་པ་དོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་ཞིང་། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལྕགས་རི་བརྟན་པོ་འཛུགས་སྐྲུན་བྱས།རྒྱུས་ལོན་བྱུང་བ་ལྟར་ན། རྨ་སྟོད་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོ་ཡིན་པ་དེ་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བྱས་ཏེ། རྨ་སྟོད་རྫོང་གི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཀྱི་སྟེང་ན་ཡོད་པ་དང་། ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཀྱི་སྟེང་ན་ཡོད་པ། ཆེས་ཆེ་བའི་སྦས་ཤུགས་དེ་སྐྱེ་ཁམས་ཀྱི་སྟེང་ན་ཡོད་པའི་བསམ་བློའི་ངོས་འཛིན་བརྟན་པོ་ཆགས་པར་བྱེད་པ་དང་། རི་དང་ཆུ། ནགས། རྩྭ་ཐང་། མཚེའུ་ནི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཡིན་པའི་འདུ་ཤེས་བརྩི་སྲུང་བྱས་ཏེ། རྨ་ཆུའི་མགོ་ཁུངས་གླིང་ཁུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན། ཆུ་ཐོན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཁུལ། ཆུ་བེད་ལྗོངས་རྒྱུའི་ཁུལ་སོགས་རིགས་སོ་སོའི་སྲུང་སྐྱོབ་གནས་ཀྱི་བྱེད་ལས་བསྐྱར་སྒྲིག་དང་མཉམ་སྒྲིག་ལེགས་སྒྱུར་བྱས་ནས་གཅིག་གྱུར་དོ་དམ་ལག་བསྟར་བྱས།

དེ་དང་མཉམ་དུ། རྨ་སྟོད་རྫོང་གིས་རང་བྱུང་སྲུང་སྐྱོབ་ཁུལ་དང་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། ཆུ་གློག་ཆུང་བའི་སྐྱེ་ཁམས་ཁོར་སྲུང་བྱེད་ཐབས་ལག་བསྟར། ཁེ་ལས་ཁོར་སྲུང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་སྒྲིག་ཆས་འཁོར་སྐྱོད། སྙིགས་རོ་གཙང་བཅོས་སོགས་ལ་དམ་དུ་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཉིན་རེའི་གྲོས་དོན་ཁྲོད་འཇོག་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམས་ཚིས་ལེགས་སྒྱུར་དང་འཆར་འགོད་གཅིག་མཐུན་དང་བཀོད་སྒྲིག་གཅིག་མཐུན། དངོས་འབེབས་གཅིག་མཐུན། དཔྱད་ཞིབ་གཅིག་མཐུན་ཡོང་བར་བྱས་ཤིང་། ཏན་ཏིག་གིས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་དང་སྐྱེ་ཁམས་ཁྱབ་ཁོངས་བཅོས་སྒྱུར་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཕེལ་རྒྱས། འཚོ་བ་འབྱོར་ཕྱུག་ཡིན་པའི་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་རེད།