རང་ཞིང་གིས་སྐབས་དང་པོའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ར་བ་གཏན་འབེབ་བྱས།
2018.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་སྐབས་དང་པོའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ར་བའི་གཏན་འབེབ་སྐོར་གྱི་བརྡ་སྦྱོར་ཞེས་པ་དཔར་ནས་བཀྲམ་ཞིང་། རང་ཞིང་གི་འདྲེ་ཚེར་མ་དང་གཟན་རྩྭ་འདེབས་འཛུགས་ལས་སྣོན། སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་སོགས་རིགས་བཅུ་དྲུག་ཞིང་ཆེན་རིམ་པའི་ཞིང་ཕྱུག་ཐོན་ལས་ར་བའི་ནང་དུ་ཚུད།

ཉེ་བའི་ལོ་འདི་དག་ལ། རང་ཞིང་གིས་ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་དོ་སྣང་བྱས་ཏེ། ཞིང་ཕྱུགས་ལས་རིགས་དེང་རབས་ཅན་དུ་སྐུལ་སྤེལ་བྱེད་པ་ཇེ་མགྱོགས་སུ་བཏང་ཞིང་། ཁུལ་དང་གྲོང་ཁྱེར་རིམ་པའི་འོས་སྦྱོར་གྱི་རྨང་གཞིའི་སྟེང་དུ། ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གིས་འཚམ་བསྟུན་གྱི་ཞིབ་བཤེར་དང་། འགྲན་རྩོད་རང་བཞིན་གྱི་དཔྱད་འབྱེད། སྤྱི་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་དེ།ས་ཁམས་ཀྱི་དབྱེ་མཚམས་དང་ཁུལ་ཁོངས་ཀྱི་ཁྱབ་ཡུལ་གསལ་ཐག་ཆོད་པོའི་སྒོ་ནས། འཛུགས་སྐྲུན་ཆུ་ཚད་སྔོན་ཐོན་ཡིན་ཞིང་། འཐུས་ཚབ་རང་བཞིན་ལྡན་པའི་ཞིང་ཕྱུག་ཐོན་ལས་ར་བ་བཅུ་དྲུག་བདམས་ཐོན་བྱུང་། ཐོག་དང་པོའི་ཐོན་ལས་ར་བའི་ནུས་པ་འདོན་སྤེལ་བྱས་པ་དེས་ཞིང་ཕྱུགས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་འགོ་ཁྲིད་པ་དང་བཅོས་སྒྱུར་གསར་སྐྲུན་ལ་ཚོད་ལྟའི་ནུས་པ་ཐོན་པ་མ་ཟད། རང་ཞིང་གི་འཛུགས་སྐྲུན་སོ་སོར་ཞིང་སྡེ་ཐོན་ལས་མ་ལག་གི་ཁྱད་ཆོས་མངའ་ཞིང་། ཞིང་སྡེ་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་པར་དོན་སྙིང་གལ་ཆེན་ལྡན།