ཐུན་ཏེ་རྫོང་གིས་སྐབས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་འགྲན་ཚོགས་བསྡུས།
2018.05.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 53
དེ་རིང་སྟེ། སྤྱི་ཟླ5བའི་ཚེས28ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་སློབ་གྲྭ་ཆུང་འབྲིང་གི་སྐབས་དང་པོའི་མཐུན་སྒྲིལ་ལག་རྡང་དམ་དུ་སྦྲེལ། མ་འོངས་ཕུགས་འདུན་མངོན་འགྱུར་བྱེད་ཅེས་པའི་ལུས་རྩལ་འགྲན་ཚོགས་དེ་ཐུན་ཏེ་རྫོང་གི་ལུས་རྩལ་ར་བ་ནས་བསྡུས།
རེབ་འདིའི་ལུས་རྩལ་འགྲན་ཚོགས་སྟེང་ཐུན་ཏེ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་རྫོང་དཔོན་གཞོན་པ་ཡོན་ཏན་རྒྱ་མཚོས་ཤིས་ཚིག་ཕུལ་ཞིང་། ཐུན་ཏེ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཚེ་སྐྱབས་རྒྱལ་གྱིས་མགོ་འཛིན་བྱས། གཞན་ཡང་ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཞང་གཙོ། འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་མི་སྣ། ཐུན་ཏེ་རྫོང་གི་མཁར་གྲོང་དང་གཞི་རིམ་གཉིས་སུ་ཡོད་པའི་སློབ་གྲྭ་བཅུ་གསུམ་གྱི་དགེ་སློབ་ཡོངས་དང་། གཞི་རིམ་སློབ་གྲྭ་ཁ་ཤས་ཀྱི་འཐུས་ཚབ་རུ་ཁག ད་དུང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སློབ་གསོའི་ལས་དོན་མི་སྣ་རྒན་པ། རྒྱ་ཆེའི་ཁྱིམ་བདག་བཅས་མི་གྲངས་སྟོང་བཞི་ལྷག་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཉེ་བའི་ལོ་འདི་འགའི་རིང་། ཀྲུང་གུང་ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གཞིར་བཟུང་ནས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱས་ཤིང་། ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་བདུན་ལོའི་བར་རྫོང་ཡོངས་ཀྱི་སློབ་གསོའི་ལས་གཞིའི་ཐད་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་བཞི་འབུམ་ལྔ་ཁྲི་བཞི་ལྷག་བཏང་སྟེ། སློབ་ཆེན་སློབ་མའི་ཡིད་རྟོན་བསྐྱི་དངུལ་བསྡོམས་པས་སྒོར་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་གཉིས་ལྷག་ཐག་གཅོད་བྱས་པ་དང་། དབུལ་ཕོངས་སློབ་མ་ལྔ་བརྒྱ་བཅུ་གཉིས་ལ་རོགས་སྐྱོར་བྱས། ལྷག་པར་དུ་ཉིས་སྟོང་བཅུ་བདུན་ལོར་ཉིས་སྟོང་བཅོ་ལྔ་ལོ་དང་ཉིས་སྟོང་བཅུ་དྲུག་ལོའི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བར་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་བརྒྱད་ཁྲི་བརྒྱད་ལྷག་བཏང་སྟེ། སློབ་གྲྭ་བཅོ་ལྔ་ལྷག་གི་མལ་ཁང་དང་སློབ་ཁྲིད་སྒྲིག་ཆས། དྲོད་རླངས་སོགས་ལེགས་བཅོས་བྱས་པ་དང་། སློབ་གསོ་འཕེལ་རྒྱས་ཀྱི་ལས་དོན་ལ་ཤུགས་སྣོན་དང་སློབ་གྲྭ་ཕྱི་ནང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པས། སློབ་སྒྲུབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་སློབ་ཁྲིད་བཅོས་སྒྱུར་ལ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད། དེ་བས་ཐུན་ཏེ་རྫོང་གི་ཁྱད་ཆོས་ལྡན་པའི་མི་རིགས་སློབ་གསོའི་རྣམ་པ་གསར་བ་ཞིག་གྲུབ་ཅིང་འཕེལ་བཞིན་པའི་སྒང་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་དང་ཐུན་ཏེ་རྫོང་སློབ་གྲྭ་ཆུང་འབྲིང་གི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་མཉམ་དུ་སྤེལ་བའི་སློབ་རའི་རིག་གནས་ལུས་རྩལ་གྱི་བྱ་འགུལ་ཆེ་ཤོས་ཤིག་ཡིན་པས། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་རིག་གནས་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། དགེ་སློབ་ཡོངས་ཀྱི་མཛའ་བརྩེ་ཇེ་ཟབ། དེ་མིན་སློབ་མའི་འཇོན་ནུས་སྐྱེད་སྲིང་དང་སྔོག་འདོན་བྱེད་པར་ཕན་ནུས་ཆེན་པོ་ཐོན་ངེས་པར་མ་ཟད། རྫོང་ཡོངས་ཀྱི་རིག་གནས་སློབ་གསོའི་མཁའ་དབུགས་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།
གསར་འགོད་པ། སྟོབས་ལྡན་རྒྱལ། རྟ་མགྲིན་སྐྱབས། ཐུབ་བསྟན། 

ཐུན་ཏེ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་རྫོང་དཔོན་གཞོན་པ་ཡོན་ཏན་རྒྱ་མཚོས་ཤིས་ཚིག་འབུལ་བཞིན་པ།

ཐུན་ཏེ་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཚེ་སྐྱབས་རྒྱལ་གྱིས་མགོ་འཛིན་བྱེདབཞིན་པ།

ཤན་འབྱེད་ཚོགས་པའི་འཐུས་ཚབ་པ།

འགྲན་ཚོགས་ཀྱི་མཛད་སྒོ

སློབ་གླུ་རུ་ཁག

གླུ་གར་རུ་ཁག

ཤན་འབྱེད་པའི་རུ་ཁག

ཁ་བཏགས་རུ་ཁག

དགེ་རྒན་རུ་ཁག

མདོ་འཛིན་པ།

གཞས་པ་མགར་བསམ་འགྲུབ་ཚེ་རིང་།

བོད་བྲོའི་རྣམ་པ་ཅན་གྱི་སློབ་རའི་རྩལ་སྦྱོང་རྩེད་བཞིན་པ།

གར་གྱི་སྟངས་སྟབས་ངོམ་བཞིན་པ།

ལོ་ཆུང་བྱིས་པ་རྣམས་ཀྱིས་ནན་ཏན་སྒོས་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།

ལྷད་མེད་ཀྱི་འཛུམ་མདངས།

ལྟད་མོ་བའི་ཟུར་ཞིག

སྟོང་མིའི་སྐོར་བྲོ།