མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་སྡེ་བ་བདུན་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་སྡེ་བའི་ཁྲོད་ཚུད།
2018.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ཁྲོད་ཚུད་པའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་སྡེ་བ་བཞི་བརྒྱ་ཞེ་བཞི་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བར་གཏན་ཁེལ་བྱས་ཡོད་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་བདུན་ཡོད།

ཉེ་བའི་ལོ་འགའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་སྲོལ་རྒྱུན་སྡེ་བའི་འཆར་འགོད་སྒྲིག་བཟོ་དང་གྲོང་སྡེ་ཇུས་འགོད། ཞིང་ཁྱིམ་སྒྲིག་བཀོད་བཅས་ཐད་ནས་མགོ་བརྩམས་ཏེ་གོ་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་བ་དང་། སྲུང་སྐྱོབ་རང་བཞིན་གྱི་འཛུགས་སྐྲུན་དང་གྲོང་སྡེའི་རྣམ་པ་མཐོར་འདེགས་བཟོ་སྐྲུན་ལག་བསྟར་བྱས་པར་མ་ཟད། ཚན་རིག་འཆར་འགོད་དང་གོ་རིམ་བཞིན་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་སྡེ་བར་ལོ་རྒྱུས་རིག་གནས་ཀྱི་ནང་དོན་འདོན་སྤེལ་བྱེད་དུ་བཅུག ནུས་ལྡན་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་ནན་ཐན་སྡེ་བ་དང་ཐ་རྒྱ་བོད་རིགས་ཞང་གཡའ་རྩ་སྡེ་བ་དང་ཀ་ཐུང་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་སེ་ཝ་གྲོང་རྡལ་མཛོ་སྣ་སྡེ་བ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཨ་ཁྲོ་ཞང་ལྷ་རྩེ་སྡེ་བ། ཁྲི་འདུ་རྫོང་འདམ་མདའ་གྲོང་རྡལ་བྲག་དཀར་སྡེ་བ་སོགས་སྲོལ་རྒྱུན་སྡེ་བ་བདུན་ཉིས་སྟོང་བཅོ་བརྒྱད་ལོའི་སྐོར་གཉིས་པའི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ཁྲོད་ཚུད།