གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་འཛུགས་སྐྲུན་ལས་དོན་ཐད་བྱེད་ཕྱོགས་ཆེན་པོ་གསུམ་ལག་བསྟར་བྱེད་རྒྱུ་ཡིན་ལ། འཛུགས་སྐྲུན་ལས་དོན་གྱི་འཕེལ་རྒྱས་ཆེན་པོའི་རྨང་རྐང་སྔར་ལས་ཇེ་བརྟན་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་ལས་དོན་གྱི་འཕར་རིན་སྒོར་ཐེར་ཆེན་བཞིའི་ཡན་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བརྒྱད་ཀྱིས་ཇེ་མང་དུ་འཕར།
ཉིས་སྟོང་བཅུ་བདུན་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་ཀྱིས་འཕར་རིན་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་དགུ་ལྷག་ཡོངས་འགྲུབ་བྱས་ཤིང་། དངོས་ཡོད་རིན་ཐང་ལོ་སྔོན་མ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་བརྒྱད་བརྒྱད་ཀྱིས་ཇེ་མང་དུ་འཕར་བ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་བརྒྱད་ཀྱིས་ཇེ་མང་དུ་འཕར། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་ལས་ཞུགས་མི་སྣ་བསྡུས་གྲངས་འབུམ་གཅིག་དང་ཁྲི་བཞི་ལྷག་ལ་སླེབས།
ད་ལོར་མཚོ་སྔོན་གྱིས་ལས་རིགས་སྣེ་སྟོན་ལ་ཤུགས་སྣོན་དང་འཛུགས་སྐྲུན་ལས་རིགས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་། ཤུགས་ཆེན་པོས་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་སུ་བཏང་བར་མ་ཟད། སྒྲིག་ལུགས་དང་སྒྲིག་སྦྱོར་རྣམ་པའི་ཨར་ལས་འཛུགས་སྐྲུན་དང་བཟོ་སྐྲུན་ལེགས་འགྲུབ་ལ་ལྟ་ཞིབ་ཚད་ལེན་ལེགས་པོ་བྱས་པ་ལས་གཞན། ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། བཟོ་སྐྲུན་སྤུས་ཚད་དང་བདེ་འཇགས་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་།