མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ལས་བཟོ་བའི་སྨན་བཅོས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་བཏང་།
2018.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཉེ་ལམ།   མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་རིམ་པའི་ལས་བཟོ་བའི་སྨན་བཅོས་འགན་སྲུང་སྲིད་ཇུས་ཀྱི་འབྲེལ་ཡོད་གནད་དོན་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་སྦྱོར་དཔར་ནས་བཀྲམ་སྟེ།   ཞིང་ཆེན་རིམ་པའི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་བ་དང་ལས་བཟོ་བའི་སྨན་བཅོས་འགན་སྲུང་ལྟ་སྐྱོང་ཆུ་ཚད་མཐོར་འདེགས་བཏང་བར་མ་ཟད།   འགན་སྲུང་ལ་ཞུགས་པའི་ལས་བཟོ་བའི་སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་སྨན་བཅོས་འགན་སྲུང་སྲིད་ཇུས་ལེགས་སྒྲིག་བྱེད་པ་ནི།    ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་རིམ་པའི་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་སྲུང་སྲིད་ཇུས་ལག་བསྟར་དང་མ་དངུལ་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་གཏིང་ཟབ་དང་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་།    གཏོང་ཡོང་དོ་མཉམ་དང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་དགོས་མཁོར་འགན་སྲུང་བྱེད་པའི་རྩ་དོན་ལྟར།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་དང་ལས་བཟོ་བའི་ཉིན་རེར་འཕར་བཞིན་པའི་སྨན་བཅོས་འགན་སྲུང་དགོས་མཁོ་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་བ་དང་།    གཟབ་ནན་གྱིས་ཚད་ལེན་ཞིབ་རྩིས་དང་བསམ་འཆར་བསྡུ་ལེན་བྱས་རྗེས་ཞིབ་འཇུག་བྱས་ཏེ་ཕྱིར་བཏོན་པ་ཞིག་ཡིན་པས།    ཞིང་ཆེན་རིམ་པའི་ལས་བཟོ་བའི་སྨན་བཅོས་ཉེན་ཚབ་ལྟ་སྐྱོང་ལ་འགན་སྲུང་བྱེད་ཐུབ་པ་དང་སྨན་བཅོས་འགན་སྲུང་མ་དངུལ་བཀོལ་སྤྱོད་ཕན་ནུས་མཐོར་འདེགས་གཏོང་ཐུབ།