རྨ་ལྷོ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དང་གནད་འཁེལ་དབུལ་སྐྱོར་གཟིགས་ཞིབ་ཚོགས་པས་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་གཟིགས་ཞིབ་བྱས།
2018.08.15 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 369

རང་རེ་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན་ཚེ་རིང་ནས་བཀོད་པའི་གསར་འགྱུར།        

        སྤྱི་ལོ་2018ལོའི་ཟླ8པའི་ཚེས9ཉིན།  མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ།  རྨ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོ་དང་། རྨ་ལྷོ་ཁུལ་གྱི་རྫོང་སོ་སོའི་འགན་འཁུར་བ་གཙོ་བོ་སོགས་ཀྱིས་གྲུབ་པའི་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དང་དབུལ་ཐར་འགག་སྒྲོལ་གྱི་ཡུལ་དངོས་གཟིགས་ཞིབ་ཚོགས་པའི་མི120ལྷག་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་སོང་སྟེ།  ཡུལ་དངོས་སུ་གནད་འཁེལ་དབུལ་སྐྱོར་དང་ཐོན་ལས་འཕེལ་རྒྱས་གཞིར་བཟུང་ནས།  རྨ་ལྷོ་རྩེ་ཁོག་རྫོང་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཀྱི་བྱེད་ནུས་དང་འཛུགས་སྐྲུན་གནས་ཚུལ། ཁེ་ལས་ཀྱི་འཁོར་བསྐྱོད་གནས་ཚུལ།  ཞིང་ཆེན་རིམ་པའི་གནད་འཁེལ་དབུལ་སྐྱོར་ཐོན་ལས་ཀྱི་གཞི་རྩའི་གནས་ཚུལ་བཅས་ལ་གཟིགས་ཞིབ་བྱས་པར་མ་ཟད། གཟིགས་ཞིབ་ཚོགས་པས་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་གནད་འཁེལ་དབུལ་སྐྱོར་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་གདེངས་འཇོག་གང་ལེགས་བྱས།

        དུང་དཀར་སྡེ་བ་ནི་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་གྱི་བྱང་ཤར་ཕྱོགས་སུ་ཡོད་ལ་རྫོང་མཁར་དང་སྤྱི་ལེ་2གྱི་མཚམས་སུ་ཡོད། ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ལས་སྨི3700ལྷག་ཡོད། སྡེ་བ་ཡོངས་ལ་ཁྱིམ་གྲངས་114དང་མི་གྲངས་560ལྷག་བཅས་ཀྱིས་གྲུབ་པ་དང་དེ་ལས་དབུལ་ཕོངས་ཁྱིམ་ཚང་50ལྷག་འདུག 

ཉེ་བའི་ལོ་འདི་འགའི་རིང་ལ་དུང་དཀར་སྡེ་བའི་སྡེ་དཔོན་གྱིས་སྡེ་བའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་འབྱོར་ཕྱུག་གི་ལམ་དུ་ཕྱོགས་པར་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་ཤུགས་བསྣན། 

རྩེ་ཁོག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཤུགས་ཆེན་པོའི་སྣེ་ཁྲིད་དང་འབྲེལ་ཡོད་ལས་ཁུངས་དག་གི་མཛུབ་སྟོན་འོག རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འདིར་ཕྱུགས་ལས་རྒྱུན་བསྲིང་གི་འཕེལ་རྒྱས་རྩ་དོན་གཞིར་བཟུང་ནས་འབྲོག་ཁྱིམ་མ་རྐང་མཉམ་འབྲེལ་ལམ་ལུགས་ཀྱི་རྣམ་པ་ལྟར་སྡེ་བ་སྤྱིའི་ཐོན་ལས་དང་ཕྱུགས་ལས་གཞི་རྩའི་མ་ལག་འཛུགས་བསྐྲུན་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་གང་ལེགས་བྱེད་བཞིན་ཡོད།  རྒྱལ་ཁབ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ལྟར་ཕྱུགས་འཚོ་བ་དང་ཐོན་ཁུངས་གཅིག་བསྡུས་བྱེད་པ། འབྲོག་པ་མང་ཚོགས་ཀྱི་ངལ་རྩོལ་ནུས་པ་བསྐྱེད་བསྲིང་དང་རྩ་འཛུགས་ཀྱི་ནུས་ཚད་ཇེ་མཐོར་བཏང་ནས་ཕྱོགས་ཡོངས་ཀྱི་ཡོང་སྒོ་དང་སྡེ་བ་སྤྱིའི་ཐུན་མོང་གི་དཔལ་འབྱོར་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་མངོན་དང་མངོན་བཞིན་ཡོད།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཐིན་ཀྲང་གཞོན་པ་མ་ཆིན་ཏི་དང་རྨ་ལྷོ་ཁུལ་ཁུལ་དཔོན་གཞོན་པ་དཀོན་མཆོག་སྐྱབས་སོགས་འབྲེལ་ཡོད་འགོ་ཁྲིད་ཡོངས་ནས་ཡུལ་དངོས་ལ་གཟིགས་ཞིབ་བྱེད་བཞིན་པ།

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྫོང་དཔོན་ཀུན་འགྲུབ་ཚེ་རིང་གིས་ཐེངས་འདིའི་མགོ་ཁྲིད་ཡོངས་ལ་མཉམ་ལས་ཁང་ངོ་སྤྲོད་བྱེད་བཞིན་པ།

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གཙོ་འགན་པ་དག་གི་མཉམ་པར། 

རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གཞུང་སྒྲུབ་ཁང་དང་འབྲེལ་ཡོད་ཡིག་ཚགས།

རྩེ་ཁོག་རྫོང་སྐབས་གསུམ་པའི་ནོར་ནག་དང་བོད་ལུག་གི་ཕྱུགས་རྒྱུད་དཔྱད་བསྡུར་བྱ་འགུལ་ཁྲོད་ཨང་གཉིས་པ་ཐོབ་པའི་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁྱུ་གཡག


རྩེ་ཁོག་རྫོང་སྐབས་གསུམ་པའི་ནོར་ནག་དང་བོད་ལུག་གི་ཕྱུགས་རྒྱུད་དཔྱད་བསྡུར་བྱ་འགུལ་ཁྲོད་ཨང་དང་པོ་ཐོབ་པའི་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཁྲོམ།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་བའི་པགས་པ་མཉེད་བཞིན་པ། 

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་བའི་གཡག་ལ་ཁལ་འགེལ་བཞིན་པ།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་བའི་ཐག་པ་རྒྱུ་བཞིན་པ། 

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་བའི་ལག་སྐོར་རྩམ་པ་འཐག་བཞིན་པ།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཕྱིར་འཚོང་འབྲི་མར།

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཕྱིར་འཚོང་ཤ་མོ

རྩེ་ཁོག་རྫོང་རྩེ་ཆུ་གྲོང་རྡལ་དུང་དཀར་སྡེ་བའི་སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགྲེམས་སྤེལ་བྱས་པའི་ཐོན་རྫས་སྣ་ཚོགས།