ཁྲི་ཀ་རྫོང་གིས་སྡེ་བ་རིམ་པའི་ཏང་འཛུགས་བྱ་བར་ཤུགས་བསྣན།
2018.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 62

ཉེ་བའི་ལོ་འགའི་རིང་་ལ།    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་སྡེ་བ་རིམ་པའི་ཏང་རྩ་འཛུགས་འཛུགས་སྐྲུན་ཏེ་དྲོད་སྐྱིད་འགུལ་སྐྱོད་ཅེས་པ་གསར་སྐྲུན་བྱས་ཏེ་སྡེ་བ་རིམ་པའི་ཏང་འཛུགས་བྱ་བའི་མི་འདང་སར་ཁ་གསབ་བྱས་པ་དང་།  ཏང་གིས་འབྲོག་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་།

སྡེ་བ་རིམ་པའི་བྱ་འགུལ་ཁང་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ་མ་དངུལ་སྒོར་ཁྲི་བདུན་བཏང་ནས་རྫོང་ཡོངས་ཀྱི་སྡེ་བ་བརྒྱ་དང་ཉེར་གཉིས་དང་གཞིས་ཁུལ་བཅུའི་སྡེ་བ་རིམ་པའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱི་མིང་རྟགས་དང་།  ཏང་དང་གུང་གཞོན་ཚོགས་པའི་བྱ་འགུལ་ཁང་གི་སྤྱིའི་རྣམ་པའི་ཚད་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

རོང་འབྲོག་པའི་ཏང་ཡོན་གྱི་གསོ་སྦྱོང་བྱ་འགུལ་སྤེལ་ཏེ།   སྔ་གཞུག་ཏུ་གསར་དུ་འགན་ཁུར་བའི་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བརྒྱ་དང་ཉེར་བཞི་ཅང་སུའུ་དང་ཅང་ཞི་སོགས་སུ་སོང་ནས་གསོ་སྦྱོང་བྱས་པ་དང་།  ཏང་ཡོན་རྒན་པ་དང་དབུལ་ཕོངས་ཏང་ཡོན།  དབུལ་ཕོངས་མང་ཚོགས།  དབུལ་ཕོངས་སྡེ་བའི་ལས་བྱེད་པ་སོགས་ཀྱི་གཞི་རྩའི་གནས་ཚུལ་འཐུས་ཚང་དུ་བཏང་སྟེ་དུས་བཅད་ལྟར་འཚམས་འདྲི་དང་སེམས་ཁུར་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ།

སྡེ་བ་རིམ་པའི་ཏང་འཛུགས་བྱ་བའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་སྡེ་བ་རིམ་པའི་ཏང་འཛུགས་རྨང་གཞིའི་བྱ་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མ་དངུལ་སྒོར་ཁྲི་ལྔ་བཏང་ནས་རྫོང་ཡོངས་ཀྱི་སྡེ་བ་བརྒྱ་དང་ཉེར་གཉིས་དང་གཞིས་ཁུལ་བཅུའི་ཏང་རྩ་འཛུགས་ལ་ཁྲི་ཀ་རྫོང་གི་ཏང་འཛུགས་བྱ་བའི་དཔེ་དེབ་བྱིན་པ་དང་།   གཞིས་ཁུལ་བྱ་བའི་སྒྲིག་སྲོལ་ལམ་ལུགས་སོ་སོ་འཐུས་ཚང་དུ་བཏང་ནས་གཞི་ཁུལ་གྱི་བྱ་བ་སོ་སོ་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས།