མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་རོང་འབྲོག་མི་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱ་བར་བསྐྱར་ལྟ་བྱས།
2018.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་མི་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱ་བའི་གནད་ཕིགས་རང་བཞིན་དང་དམངས་ཕན་རང་བཞིན་ལ་ཤུགས་སྣོན་པ་དང་། རོང་འབྲོག་མི་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱ་བའི་དོ་དམ་དང་སྤྱོད་ལམ་འཛུགས་སྐྲུན་སྔར་ལས་མཐོར་འདེགས་གཏོང་ཆེད། ཉེ་ལམ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་རོང་འབྲོག་མི་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ལག་ལེན་གནས་ཚུལ་ལ་བསྐྱར་ལྟ་དང་། རོང་འབྲོག་མི་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ཁྱབ་ཁོངས་ཀྱི་སྤྱོད་ལམ་འཛུགས་སྐྲུན་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་འགུལ་སྤེལ། ཁྱབ་ཆེ་བའི་སྒོ་ནས་གནས་ཚུལ་ལ་བསྐྱར་ལྟ་བྱས་པ་བརྒྱུད། ཐག་གཅོད་དགོས་པའི་གནད་དོན་འབུར་ཐོན་ཅན་སྔར་བཞིན་གནས་ཡོད་པ་གསལ་རྟོགས་བྱུང་ནས། བྱེད་ཕྱོགས་དང་ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་དེ་ཁྱབ་བརྡལ་དུ་བཏང་སྟེ། ཞིང་སྡེའི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་བྱ་བའི་ལས་རིམ་ཁག་གི་སྲིད་ཇུས་ཕན་འབྲས་ལྡན་པའི་སྒོ་ནས་དངོས་འབེབས་དོན་འཁྱོལ་ཡོང་བར་འགན་ལེན་ཁག་ཐེག་བྱས།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་ཁང་རྙིང་དང་ཉེན་ཁང་ལ་ཁྱབ་ཆེ་བའི་སྒོ་ནས་བསྐྱར་ལྟ་བྱེད་པའི་ལས་སྒོ་སྤེལ་སྐབས། རོང་འབྲོག་མི་དམངས་ཀྱི་ཉེན་ཁང་དང་ཁང་རྙིང་བསྒྱུར་བཀོད་ཁྱབ་ཁོངས་ཀྱི་སྤྱོད་ལམ་འཛུགས་སྐྲུན་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་སྒོ་སྤེལ་རྒྱུ་ཡིན་པར་མ་ཟད། ཀྲུང་དབྱང་གི་ལོ་རེའི་ཞིང་སྡེ་ཉེན་ཁང་བསྒྱུར་བཀོད་ཀྱི་འོས་འགན་ལག་བསྟར་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་ནས་བསྐྱར་ལྟ་བྱེད་རྒྱུ་རེད། རོང་འབྲོག་མི་དམངས་ཀྱི་ཉེན་ཁང་བསྒྱུར་བཀོད་ལས་སྒོ་ནི་དམངས་ཚིས་ལེགས་བཅོས་དང་དམངས་ཚིས་ལ་འགན་སྲུང་བྱེད་པའི་སྲིད་ཇུས་ཤིག་ཡིན་པས། རོང་འབྲོག་ས་ཁུལ་གྱི་རོང་འབྲོག་པའི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན།