ཉེ་ལམ། ཐེམ་ཆེན་རྫོང་གིས་ཐེམ་ཆེན་གྱི་ཁྱིམ་ཐོ་ཡོད་པའི་ལོ་དྲུག་ཅུ་ནས་དགུ་བཅུའི་ཡན་གྱི་དམིགས་བསལ་དཀའ་ཁག་ཡོད་པའི་ལོ་ལོན་རྒན་པའི་འཚོ་བའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། སྡེ་བ་དང་ཞང་རིམ་པ་གཉིས་ཀྱིས་དཔྱད་ཞིབ་བྱས་པ་བརྒྱུད། ལོ་ལོན་རྒན་པ་ང་ལྔ་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་བྱེད་པའི་ཆ་རྐྱེན་དང་འཚམ་པར་གཏན་ཁེལ་བྱས།
ཁྱིམ་སྡོད་རྒན་གསོ་བྱ་བ་བདེ་བླག་ངང་ལག་བསྟར་བྱེད་ཆེད། ཁྱིམ་སྡོད་རྒན་གསོ་བྱ་བར་འགན་ཁུར་བའི་ལས་བྱེད་པ་དང་། ཞང་དང་གྲོང་རྡལ་སོ་སོའི་དམངས་སྲིད་ལས་བྱེད་པ་རྣམས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བྱེད་ཡུལ་གྱི་ཁྱིམ་ཚང་དུ་སོང་ནས་འཐེན་ཞིབ་བྱས་པ་དང་། ལོ་ལོན་ཚོར་ཁྱིམ་སྡོད་རྒན་གསོ་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བྱས་པར་མ་ཟད། སྤྱི་ཚོགས་རྩ་འཛུགས་དང་ལས་ཁུངས། ཁེ་ལས་བཅས་ལ་བརྟེན་ནས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་བྱེད་པའི་ལོ་ལོན་རྣམས་ལ་ཟ་མ་སྐྱེལ་བ་དང་གཙང་སྦྲ་བྱེད་པ། ཁྲུས་བྱེད་པ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ལོ་ལོན་རྣམས་ལ་དྲོད་སྐྱིད་ལྡན་པའི་ཁྱིམ་སྡོད་རྒན་གསོའི་ཁོར་ཡུག་སྐྲུན་པ་དང་། ཁོ་ཚོར་སྤྱི་ཚོགས་ཀྱི་དྲོད་ཁོལ་མྱོང་དུ་བཅུག་པར་མ་ཟད། སྤུས་ལེགས་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག