ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ལྗང་མདོག་འཕེལ་རྒྱས་ཆེད་ལས་འདྲི་རྟོག་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཆུའུ་གསུམ་དང་ཁུལ་དྲུག་གི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཡུལ་སྐོར་སྤྱི་ཕན་དབུལ་སྐྱོར་འཆར་འགོད་ལ་དཔྱད་ཞིབ་བྱས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་བའི་བར། ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ཉི་ཤུའི་ཡུལ་སྐོར་སྤྱི་ཕན་དབུལ་སྐྱོར་འཆར་འགོད་ཚང་མ་ཡོངས་གྲུབ་བྱས་ཡོད་པར་མ་ཟད། ཆེད་མཁས་པས་དཔྱད་ཞིབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་དབུལ་སྐྱོར་འཆར་འགོད་སྤྱི་ཕན་འགུལ་སྐྱོད་བདེ་བླག་ངང་ཡོངས་གྲུབ་བྱས། འདི་ནི་རིག་གནས་དང་ཡུལ་སྐོར་པུའུ་ཡི་ཆུའུ་གསུམ་དང་ཁུལ་གསུམ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཡུལ་སྐོར་འཆར་འགོད་དབུལ་སྐྱོར་སྤྱི་ཕན་འགུལ་སྐྱོད་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ་ཡུལ་སྐོར་དབུལ་སྐྱོར་བྱ་བར་ཡར་སྐུལ་གཏོང་བ་དང་ཞིང་སྡེ་དར་རྒྱས་མངོན་འགྱུར་བྱེད་པའི་འགུལ་སྐྱོད་དངོས་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་གསུམ་པར་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཡུལ་སྐོར་འཆར་འགོད་སྤྱི་ཕན་འགུལ་སྐྱོད་སྤེལ་ཏེ། ཡུལ་སྐོར་དབུལ་སྐྱོར་སྡེ་བ་ཉི་ཤུ་བདམས་ནས་ཞིང་སྡེའི་ཡུལ་སྐོར་འཆར་འགོད་སྒྲིག་བཟོ་བྱས་པ་དང་། ཞིང་ཆེན་ཕྱི་ནང་གི་འཆར་འགོད་ཇུས་འགོད་སྡེ་ཁག་བཅུ་གསུམ་དེའི་ཁྲོད་ཞུགས་ཡོད།
ཆེད་མཁས་པ་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། འཆར་འགོད་སྒྲིག་བཟོ་སྡེ་ཁག་སོ་སོས་རྟོག་ཞིབ་ནན་མོ་བྱས་པ་དང་། མཛུབ་སྟོན་བསམ་བློ་གཏན་ཁེལ་གསལ་བོ་བྱས་པས། འཆར་འགོད་གྲུབ་འབྲས་དེ་ཆུའུ་གསུམ་དང་ཁུལ་གསུམ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཡུལ་སྐོར་སྤྱི་ཕན་དབུལ་སྐྱོར་འཆར་འགོད་ཕྱོགས་སྟོན་གྱི་བླང་བྱ་དང་མཐུན་པ་དང་། འཆར་འགོད་ཀྱིས་བཏོན་པའི་འཕེལ་རྒྱས་གནས་ཐིག་དང་རྣམ་པ་དངོས་ཡོད་གནས་ཚུལ་དང་མཐུན་ལ། ལས་གཞི་དང་སྒྲིག་ཆས་ཇུས་འགོད་ཐད་བཀོལ་སྐྱོད་རང་བཞིན་དང་དམིགས་ཡུལ་རང་བཞིན་ལྡན་པར་མ་ཟད། གནད་ཕིགས་དབུལ་སྐྱོར་ཇུས་གཞིར་དམིགས་སའི་རང་བཞིན་དྲག་པོ་ཡོད་པས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་ཐད་མཛུབ་སྟོན་གྱི་བྱེད་ནུས་ལྡན་པར་འདོད་ལ། ཐེངས་འདིའི་བྱ་བ་སྤེལ་བ་དེ་མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་ཡུལ་སྐོར་འཕེལ་རྒྱས་གནས་བབ་དང་འཚམ་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་དང་རིགས་སྟོབས་གཅིག་བསྡུས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་དགེ་མཚན་སྔོན་འདོན་དང་། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་རྣམ་པ་གསར་སྐྲུན། ཡུལ་སྐོར་ཐོན་ལས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཁྲོད་ཀྱི་སྐུལ་ཁྲིད་དང་ཡར་སྐུལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཡོད་པར་འདོད།