ཐེམ་ཆེན་རྫོང་གིས་འབག་བཙོག་འབྱུང་ཁུངས་ཡོངས་བཤེར་གྱི་ཁེ་ལས་སུ་སོང་སྟེ་ཞིབ་བཤེར་བྱེད་པའི་བྱ་བ་བརྟན་འཇགས་སྒོས་སྤེལ།
2018.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 65

རྒྱལ་ཡོངས་ཀྱི་འབག་བཙོག་འབྱུང་ཁུངས་ཡོངས་བཤེར་བྱ་བ་ཐེངས་གཉིས་པ་འགོ་བརྩམས་པའི་ཚུན་ལ།  ཐེམ་ཆེན་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་གཅིག་གྱུར་བཀོད་སྒྲིག་ལྟར།  རྩ་འཛུགས་ཞིབ་ཚགས་དང་སྔོན་ལ་འཆར་འགོདབྱས་ཏེ་བྱ་བ་སོ་སོར་བརྟན་འཇགས་སྒོས་སྐུལ་འདེད་བཏང་བ་དང་།  མིག་སྔར།   འབག་བཙོག་འབྱུང་ཁུངས་ཡོངས་བཤེར་གྱི་ཁེ་ལས་སུ་སོང་ནས་ཞིབ་བཤེར་བྱེད་པའི་བྱ་བ་ཆེས་མཐའ་མཇུག་གི་དུས་རིམ་དུ་སླེབས་ཡོད།

ཁེ་ལས་སུ་སོང་སྟེ་ཞིབ་བཤེར་བྱེད་པའི་བྱ་བའི་ཁྲོད།  འབག་བཙོག་འབྱུང་ཁུངས་ཡོངས་བཤེར་མི་སྣ་ཁེ་ལས་མང་པོ་རུ་སོང་སྟེ་རྒྱལ་ཡོངས་ཀྱི་འབག་བཙོག་འབྱུང་ཁུངས་ཡོངས་བཤེར་ཐེངས་གཉིས་པ་བྱེད་ཡུལ་ལ་བསྐུར་བའི་འཕྲིན་ཡིག་ཅེས་པ་བྱིན་པ་དང་།   འབག་བཙོག་འབྱུང་ཁུངས་ཡོངས་བཤེར་གྱི་དམིགས་ཡུལ་དང་དོན་སྙིང་དྲིལ་སྒྲོག་བྱས་ཏེ་ཁེ་ལས་ཀྱི་རྒྱུས་ལོན་དང་རྒྱབ་སྐྱོར་ཐོབ་པར་བྱས།   དེ་མིན།   ཡོངས་བཤེར་མི་སྣས་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར།  ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བརྗེ་རེས་འབྲེལ་འདྲིས་དང་། འབྲེལ་ཡོད་ཆ་འཕྲིན་ཞིབ་ཚགས་ཀྱིས་འདྲི་ཞིབ་བྱས་པ་དང་།  མིག་སྔར་ཁེ་ལས་སུ་སོང་སྟེ་ཞིབ་བཤེར་བྱེད་པའི་བྱ་བ་ཡོངས་གྲུབ་བྱས་ཡོད།

ཁེ་ལས་སུ་སོང་སྟེ་ཞིབ་བཤེར་བྱེད་པ་དེ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་རྒྱུས་ལོན་ཡང་དག་བྱེད་པའི་བྱ་བ་གཙོ་བོ་ཞིག་ཡིན་པའི་ཆ་ནས། ས་གནས་ཀྱི་བཙོག་སེལ་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་།  རྫོང་ཡོངས་ཀྱི་ཁོར་ཡུག་རྣམ་པར་བརྡར་གཅོད་ཡང་དག་བྱེད་པ།   ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པ་སོགས་མངོན་འགྱུར་བྱེད་པའི་ཐད་མཛུབ་སྟོན་གྱི་བྱེད་ནུས་ལྡན།