སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གིས་སྤྱི་ཚོགས་ཀྱི་གཤིས་སྲོལ་གསར་བར་སྣེ་ཁྲིད་བྱས།
2018.11.09 ཁུངས། ཀློག་གྲངས། 109

  ཉེ་ཆར། ཐུན་རིན་རྫོང་དཔལ་ཡོན་གཞུང་ལས་ཁང་དང་། གཉན་ཐོག་ཞང་ཏང་ཨུ་དང་སྲིད་གཞུང་གིས་གཉན་ཐོག་སྡེ་བ་ནས་བདམས་ཐོན་བྱུང་བའི་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་ལ་དཔང་རྟགས་གནང་བ་དང་། ཁྱིམ་ཚང་ལ་སོང་ནས་སྐར་ལྔ་རིམ་པའི་སྒོ་བྱང་བཀལ། 

སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་བདམས་པས་མང་ཚོགས་ཀྱིས་རང་ཉིད་ དོ་དམ་དང་རང་ལ་སློབ་གསོ་གཏོང་པ། རང་ཉིད་གོང་འཕེལ་དུ་གཏོང་བར་སྐུལ་མ་བཏང་། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་འདེམ་པའི་བྱེད་སྒོ་བརྒྱུད་དེ་གོམ་གང་མདུན་སྤོས་ཀྱིས་རྒྱ་ཆེའི་སྡེ་མི་རྣམས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཞུགས་པའི་སྤྲོ་སེམས་ཇེ་མཐོར་བཏང་བ་དང་། མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། འཚོ་བ་དང་དཔལ་ཡོན།འཕྲོད་བསྟེན་ཕྱོགས་སུ་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པར་ནུས་པ་གལ་ཆེན་ཐོན། 

སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་ལ་བདམས་པའི་སྡེ་མི་འབྲུག་བྱམས་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། ངེད་ཚང་སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་དུ་བདམས་པར་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་མུ་མཐུད་དུ་སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་གི་ཚད་ཐིག་ལྟར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་གཟི་བརྗིད་འདི་ནམ་ཡང་ངེད་ཚང་ནས་འཇོག་རྒྱུ་ཡིན་ཟེར།

རྣམ་པ་ཀུན་ཏུ་ཡུལ་དངོས་ནས་སྡེ་མི་རྣམས་ལ་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་དང་ནག་འཇོམས་ངན་སེལ། འཕྲོད་བསྟེན་བདེ་ཐང་། ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་དྲིལ་སྒྲོག་བརྙན་དེབ1000ལྷག་བཀྲམས་པ་དང་གསལ་བརྡ50ལྷག་སྦྱར། ཞང་ཏང་ཨུའི་ཧྲུའུ་ཅིས་ངང་རྒྱུད་རིང་ཞིང་ཞིབ་ཚགས་ལྡན་པའི་སྒོ་ནས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གསར་འཛུགས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འཆད་ཁྲིད་བྱས་ཤིང་། སྡེ་མི་རྣམས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གསར་འཛུགས་ཀྱི་བྱེད་སྒོའི་ཁྲོད་དུ་ཞུགས་ཏེ། དཔལ་ཡོན་ལྡན་པའི་མི་ཞིག་དང་དཔལ་ཡོན་ལྡན་པའི་ལས་དོན་སྒྲུབ་པར་བརྩོན་ལེན་བྱེད་དགོས་པའི་གྲོས་འདོན་བྱས།

ཐུན་རིན་རྫོང་གིས་2015ལོའི་ཟླ12པར་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་དཔེ་སྟོན་ཁྱིམ་ཚང་བརྩོན་ལེན་བྱེད་པའི་བྱེད་སྒོ་འགོ་བརྩམས་པ་ནས་ད་ལྟའི་བར་དུ་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང3783 དང་སྐར་ལྔ་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང199 བདམས་པ་དང་། རྫོང་ཡོངས་ཀྱི་དུད་ཁྱིམ་གྱི་17%ཟིན། 2018ལོར་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གསར་འདེམས་བྱ་བ་འཆར་གཞི་ལྟར13%ལ་སླེབས་ཤིང་། མིག་སྔའི་བར་དུ་ཞང་དང་གྲོང་རྡལ་སོ་སོས་གསར་འདེམས་བྱ་བ་འགྲུབ་ལ་ཉེ་ཞིང་བྱ་བ་ཐ་དག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།