རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་ན་གོར་མོའི་གནས་གཞིའི་འཛུགས་སྐྲུན་ལས་གཞི་སྤེལ་འགོ་བརྩམས།
2018.11.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནས་རྒྱུས་ལོན་པ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཨ་ཆེན་གངས་རྒྱབ་ན་གོར་མོའི་གནས་གཞིའི་འཛུགས་སྐྲུན་ལས་གཞི་སྤེལ་འགོ་བརྩམས།

ལས་གཞི་དེ་ལ་དུས་རིམ་དང་པོའི་བཟོ་བཀོད་ཀྱི་མ་དངུལ་གཏོང་ཚད་ནི་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་དྲུག་བཏང་ལ། ལས་གཞི་གཙོ་བོ་ནི་ཚན་རྩལ་ཁྱབ་རྡལ་སློབ་གསོའི་ཞབས་ཞུའི་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག་ཆ་འཕྲིན་ལྟེ་གནས་སོགས་ཡིན་ལ། དེའི་ནང་དུ་ཚན་རིག་ཞིབ་འཇུག་ཆ་འཕྲིན་ལྟེ་བ་དེ་མ་འོངས་པར་ཨ་ཆེན་གངས་རྒྱབ་རི་དྭགས་དང་སྐྱེ་དངོས། གངས་ཆབ་དང་གཙང་བོའི་བཞུར་རྒྱུན་བཅས་ལ་ལྟ་ཞིབ་བྱེད་པའི་ཕྱོགས་སུ་བཀོལ་ནས།ལྟ་རྟོག་གི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཚན་རིག་གི་སྲུང་སྐྱོབ་ཆེ་རུ་བསྐྱེད་དེ། ཚན་རྩལ་ཁྱབ་རྡལ་སློབ་གསོའི་ཞབས་ཞུའི་སྒྲིག་ཆས་ཀྱི་སྲུང་སྐྱོབ་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་།གཞོན་བྱིས་སློབ་གསོ་བཀྲམ་སྟོན་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་དྲུག་ལོར། ཨ་ཆེན་གངས་རྒྱབ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁོངས་སུ་བཞག་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་བདུན་ཉིན། ཨ་ཆེན་གངས་རྒྱབ་འཛམ་གླིང་ཤུལ་བཞག་མིང་ཐོའི་ཁྲོད་ཚུད་ནས། མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་གི་འཛམ་གླིང་རང་བྱུང་ཤུལ་བཞག་གི་སྟོང་ཆ་བསྐངས་པ་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ན་གོར་མོ་གནས་གཞིའི་འཛུགས་སྐྲུན་གྱི་ལས་གཞི་འགོ་བརྩམས་པ་དེས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྲུང་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་བཏིངས་པ་དང་། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་བྱ་གཞག་གི་འཕེལ་རྒྱས་ལ་རྡོ་རིང་ཞིག་བསླངས་པ་རེད།