ད་ལོར། མགོ་ལོག་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་ལས་བྱེད་པའི་བསམ་བློ་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་འགན་སྒྲུབ་ནུས་པ་དང་བྱ་བའི་ཕན་འབྲས་མཐོར་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སློབ་སྦྱོང་གི་བྱེད་ཐབས་རྒྱུན་མ་ཆད་པར་གསར་གཏོད་བྱས་པ་དང་། ཕན་ཡོད་འདྲེན་བྱེད་ཇེ་དྲག་ཏུ་བཏང་བ་དང་སྲིད་གཞུང་གི་བྱ་བ་དངོས་ལ་ཟུང་འབྲེལ་བྱས་ཏེ། མུ་འབྲེལ་སྟབས་བདེ་ལག་དེབ་སྒྲིག་དཔར་བྱས་ནས། ཚང་མས་དུས་ཐོག་ཏུ་སློབ་སྦྱོང་བྱེད་པ་དང་ཁྲིམས་ལུགས་ཁྲིམས་སྲོལ་ཁོང་དུ་ཆུད་པར་བྱེད་པ། ད་ལྟ་སྤྱོད་པའི་སྲིད་ཇུས་དང་གཞུང་ལུགས་ཤེས་བྱ་སྣ་ཚོགས་ལ་རྒྱུས་ལོན་བྱེད་པའི་ཐད་སྟབས་བདེ་བསྐྲུན་པ་དང་། གཞུང་སྒྲུབ་ཁང་ནས་གཅིག་བསྡུས་སྒོས་སློབ་སྦྱོང་བྱས་རྗེས་གཞུང་ལུགས་ཤེས་བྱ་སྐོར་ཞིག་ལ་སློབ་སྦྱོང་མ་བྱས་པ་དང་ཡང་ན་བརྗེད་སླ་བ། སློབ་སྦྱོང་གི་དཔྱད་གཞི་ཡིག་ཆ་བོར་བ་སོགས་ཀྱི་གནད་དོན་ཐག་བཅད་ལ། རང་སྦྱོང་གི་ནུས་པ་མཐོར་འདེགས་བྱེད་པའི་ཐད་རོགས་འདེགས་དང་སྐུལ་འདེད་ཀྱི་ནུས་པ་ཐོན། དེ་དང་མཉམ་དུ། མགོ་ལོག་ཁུལ་སྲིད་གཞུང་གིས་དཔེ་མཚོན་གྱིས་ཕན་འབྲས་ལ་སྣེ་ཁྲིད་བྱེད་པར་ཧ་ཅང་མཐོང་ཆེན་བྱས་པ་དང་། སྟབས་བདེ་ལག་དེབ་བསྐྱར་དཔར་བྱས་ནས་གནས་གཏན་འཁེལ་བྱས་པའི་དབུལ་སྐྱོར་འབྲེལ་འདྲིས་ས་ཆའི་ཏང་ཀྲི་པུའུ་ལ་བྱིན་ནས། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། དུས་མཉམ་དུ་སློབ་སྦྱོང་བྱེད་པ། ལས་ཁུངས་དང་འབྲེལ་འདྲིས་ས་ཆའི་ཀྲི་པུའུ་ཡིས་སློབ་སྦྱོང་བྱེད་པའི་སྣང་ཚུལ་སྔར་ལས་ཇེ་བཟང་དུ་སོང་།
ཉེ་བའི་ལོ་འགའི་ནང་། མགོ་ལོག་ཁུལ་གྱིས་ཉེན་བརྡའི་སློབ་གསོ་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྨང་གཞི་རང་བཞིན་གྱི་བྱ་བར་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། སྲིད་ཇུས་ཀྱི་གཞུང་ལུགས་དང་ཏང་གི་སྒྲིག་ལམ། འདུ་ཤེས་འཛིན་སྟངས། ཁྲིམས་ལུགས་ཁྲིམས་སྲོལ། སློབ་གཉིས་བྱེད་གཅིག དཔེ་གཞི། མི་རིགས་མཐུན་སྒྲིལ་ཡར་ཐོན། བསམ་པའི་དཔལ་ཡོན་བཅས་ཀྱི་ལེའུ་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྟབས་བདེ་ལག་དེབ་ཁུག་མར་འཇུག་པ་དང་། ཤེས་དགོས་པའི་གཞུང་ལུགས་དང་ཤེས་བྱ་སེམས་སུ་དམ་པོར་འཛིན་དུ་བཅུག་ལ། ཚང་མའི་བྱང་ཚད་མཐོར་འདེགས་སུ་བཏང་བ་དང་བྱ་བར་མཛུབ་སྟོན་བྱས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས། ཁྲིམས་ལུགས་ཁྲིམས་སྲོལ་ལ་རྒྱུས་ལོན་གསལ་བོ་བྱེད་དུ་བཅུག་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་བཞག