མཚོ་སྔོན་ཞིང་ཆེན་གྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས།
2018.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་གཉེར་ཁེ་ལས་བདེ་ཐང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལ་གཟབ་ནན་གྱིས་སྐུལ་འདེད་གཏོང་བ་དང་།  ཏང་གིས་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་དང་སྤྱི་ཚོགས་རྩ་འཛུགས་ཀྱི་རིགས་སོ་སོའི་མཐོ་རིམ་དོ་དམ་ཤེས་ལྡན་མི་སྣའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་ཆེད།   ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན།   ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སོགས་ཀྱིས་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་དང་སྤྱི་ཚོགས་རྩ་འཛུགས་ཀྱི་མཐོ་རིམ་དོ་དམ་ཤེས་ལྡན་མི་སྣའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།    ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་བཞི་བཅུ་ལྷག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་སྐབས་སུ།  ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གསོ་སྦྱོང་ལ་ཞུགས་པའི་དམངས་གཉེར་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཐེངས་བཅུ་དགུ་བའི་དགོངས་དོན།   ཞིང་ཆེན་ཏང་ཨུའི་ལྔ་བཞིའི་འཐབ་ཇུས།   སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན།   དམངས་གཉེར་ཁེ་ལས་བདག་གཉེར་དོ་དམ།   དེང་རབས་ཁེ་ལས་ལམ་ལུགས་སོགས་ལས་སྒོའི་ཤེས་བྱར་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན་པར་མ་ཟད།  ཆེད་མཁས་པ་གདན་ཞུ་བྱས་ཏེ་གཅིག་བསྡུས་སློབ་ཁྲིད་དང་ཤར་ཕྱོགས་ཀྱི་དམངས་གཉེར་ཁེ་ལས་ཆེན་པོ་རུ་སོང་སྟེ་ཡུལ་དངོས་ལྟ་སྦྱོང་དང་རིག་གཞུང་སློབ་ཁྲིད།   ཞིབ་བསྡུར་བརྗེ་རེས་ཀྱི་བྱེད་ཐབས་སྤྱད་དེ་དམངས་གཉེར་ཁེ་ལས་དོ་དམ་མི་སྣས་ཁེ་ལས་དོ་དམ་དང་ཁེ་ལས་བཅོས་སྐྱོང་།  བཅོས་སྒྱུར་གསར་སྐྲུན་བྱེད་པའི་ནུས་པའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་རེད།    ཉེ་བའི་ལོ་འགའི་རིང་ལ།   མཚོ་སྔོན་ཞིང་ཆེན་གྱིས་དམངས་གཉེར་ཁེ་ལས་དོ་དམ་ཤེས་ལྡན་མི་སྣའི་དཔུང་སྡེའི་གསོ་སྦྱོང་ལ་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་།  བསྡོམས་པས་དམངས་གཉེར་ཁེ་ལས་ཀྱི་མཐོ་རིམ་དོ་དམ་ཤེས་ལྡན་མི་སྣ་ཉིས་བརྒྱ་ལྷག་ལ་གསོ་སྦྱོང་བྱས་ཏེ་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བར་ནུས་ཡོད་སྒོས་འདེགས་སྐྱོར་བྱས།