མཚོ་སྔོན་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
2018.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ཁྱོན་ཡོངས་ནས《མཚོ་སྔོན་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་སྒྱུར་གཏིང་ཟབ》བཀོད་སྒྲིག་དངོས་འབེབ་བྱེད་ཆེད། ཟླ༡༡པའི་ཚེས་༩ཉིན། མཚོ་སྔོན་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་བྱེད་པའི་གསབ་སྦྱོང་འཛིན་གྲྭ་མཚོ་སྔོན་མཛེས་རྩལ་ཁང་ནས་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཐོན་པའི་རིག་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་ལས་འཛིན། ཀྲུའུ་ཞི་ཚོགས་པའི་ཁོངས་མི།  ཕུལ་བྱུང་རིག་རྩལ་རྐང་འཛིན་པ། རིག་རྩལ་རྩ་འཛུགས་གསར་བ་དང་མང་ཚོགས། ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཡོངས་བཅས་མི་150ལྷག་གསོ་སྦྱོང་ལ་ཞུགས།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཚུན་ལ།  ཀྲུང་གོ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་རེ་བ་ལྟར། ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཕྱོགས་སོ་སོའི་རིག་རྩལ་མཐུན་ཚོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དུ་མ་འོངས་པའི་ལོ་ལྔའི་ནང་ཞིང་ཆེན་ཡོངས་ཀྱི་རིག་རྩལ་གསོ་སྦྱོང་ཆེན་མོ་སྤེལ་བའི་འཆར་གཞི་གཏན་འབེབས་བྱས་པ་དང་། ཁྱད་ཆོས་ལྡན་པའི་སློབ་སྦྱོང་སློབ་གསོ་དང་གསོ་སྦྱོང་སོགས་རབ་དང་རིམ་པ་བསྡུས་ཏེ་རྒྱ་ཆེའི་རིག་རྩལ་ལས་བྱེད་པས་གཏིང་ཟབ་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་།  གཟབ་ནན་སྒོས་ཏང་གི་དུས་རབས་གསར་བའི་རིག་རྩལ་གཞུང་ལུགས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡང་དག་ལེན་པ། མུ་མཐུད་དུ་ཆེད་ལས་སློབ་སྦྱོང་དང་མི་གཞི་ཇེ་ལེགས་ལ་ཤུགས་སྣོན་དགོས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲས་ཀྲུང་གོ་རིག་རྩལ་མཉམ་འབྲེལ་སློབ་གསོའི་གསོ་སྦྱོང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིག་རྩལ་མཉམ་འབྲེལ་རྩ་འཛུགས་འགན་ནུས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་མཚོ་སྔོན་ཞིང་ཆེན་རིག་རྩལ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་སྣེ་ཁྲིད་དང་གསོ་སྐྱོང་ལ་ཤུགས་སྣོན་བྱས་ནས། མཚོ་སྔོན་ཀྱི་རིག་རྩལ་བྱ་བ་དང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་བཏང་།