མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་བཤམས་སྟོན་ཁང་གསར་པའི་སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོ་བསྡུས།
2018.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཉེ་ལམ།   མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་བཤམས་སྟོན་ཁང་གསར་པའི་སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོ་བསྡུས།  རྒྱུས་ལོན་བྱུང་བ་ལྟར་ན།  སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་བཤམས་སྟོན་ཁང་གི་སྔོག་འདོན་དང་སྲུང་སྐྱོབ།  ཞིབ་འཇུག   རྒྱལ་སྤྱིའི་བརྗེ་རེས་སོགས་ཀྱི་སྣ་མང་བྱེད་ནུས་སྔར་ལས་མཐོར་འདེགས་གཏོང་ཆེད།  ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་།   བཤམས་སྟོན་ཁང་གི་དུས་སྐབས་གཉིས་པའི་རྒྱས་སྐྲུན་བཟོ་སྐྲུན་མགོ་བརྩམས་པ་དང་།   ལོ་ལྔའི་རིང་གི་འཛུགས་སྐྲུན་བརྒྱུད་ད་ལྟ་དངོས་སུ་ཡོངས་གྲུབ་བྱས་ཡོད།  བཤམས་སྟོན་ཁང་དེའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གསུམ་ཡོད་ལ།  བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་།   བཤམས་སྟོན་ཁང་ནང་དུ་དར་གོས་ཚོང་ལམ་དང་མདོ་དབུས་མཐོ་སྒང་གི་དཔལ་ཡོན་ལོ་རྒྱུས་སོགས་འགྲེམ་སྟོན་ཁང་མང་པོ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  བཤམས་སྟོན་ཁང་གི་བཟོ་སྐྲུན་སྐབས་གཉིས་པས་ད་ཡོད་ཀྱི་རྨང་གཞིའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བཏང་བ་དང་།  བཤམས་སྟོན་ཁང་གི་རིག་གནས་རིམ་པ་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བར་མ་ཟད།  བཟོ་སྐྲུན་སྐབས་དང་པོས་བོད་ཀྱི་གསོ་རིག་རིག་གནས་བརྗོད་གཞིར་བྱས་ཡོད་པ་དང་།  བཟོ་སྐྲུན་སྐབས་གཉིས་པས་བོད་ཀྱི་རིག་གནས་ཁྱད་ཆོས་སུ་བྱས་ཡོད་པའི་གཅིག་བསྡུས་རྣམ་པ་གྲུབ་པར་བྱས་ལ།   ཁྱོན་ཡོངས་དང་རིམ་པ་མང་པོ་ནས་བོད་ཀྱི་གསོ་རིག་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་ཉིབ་བཅུད་མངོན་པར་བྱས་ཡོད།

སྒོ་བྱང་གི་ཡོལ་རས་ལེན་པའི་མཛད་སྒོའི་རྗེས་སུ།   མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཀྲུང་ཧྭ་ཀྲུང་ལུགས་གསོ་རིག་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་།   མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་སོགས་ཀྱིས་འགན་སྒྲུབ་བྱས་པའི་བོད་ཀྱི་གསོ་རིག་རྒྱུན་འཛིན་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཐད་ཀྱི་གླེང་སྟེགས་བསྡུས།