ཐེམ་ཆེན་རྫོང་གིས་སྡེ་བ་དང་ཁེ་ལས་མཉམ་སྦྲེལ་བྱས་ཏེ་ས་གནས་གྱི་དབུལ་ཐར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས།
2018.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཐེམ་ཆེན་རྫོང་གི་སྡེ་བ་དང་ཁེ་ལས་མཉམ་སྦྲེལ་ཀྱི་བཞུགས་མོལ་ཚོགས་འདུ་ཉེ་སྔོན་ཟི་ལིང་དུ་བསྡུས།

གྲོས་ཚོགས་སྟེང་ཀྲེ་ཅང་ཞིང་ཆེན་ནས་ཐོན་པའི་ཁེ་ལས་རྩ་འཛུགས་བཅུ་དང་ཐེམ་ཆེན་རྫོང་གི་མཉམ་སྦྲེལ་སྡེ་བ་སོ་སོས་བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད་མཉམ་སྦྲེལ་གྲོས་མཐུན་བཀོད།   གྲོས་མཐུན་ལྟར་ན།  ཀྲེ་ཅང་ཚོང་གཉེར་ཁེ་ལས་ཀྱིས་ཐེམ་ཆེན་རྫོང་གི་སྐམ་ལུག་ཤ་དང་།   གྲོ་མ།  ཤ་མོ་སོགས་མཐོ་སྒང་གི་ཁྱད་ཐོན་དངོས་རྫས་ཁྱབ་སྤེལ་དང་།   སྐྱེ་ཁམས་ཡུལ་སྐོར་ལས་རིགས་སྔོག་འདོན།  དཀའ་ཁག་ཅན་གྱི་འབྲོག་དམངས་དབུལ་ཐར་བྱ་བར་རོགས་རམ་བྱེད་རྒྱུ་རེད།

རྒྱུས་ལོན་བྱས་པ་ལྟར་ན།   ཉིས་སྟོང་བཅུ་ལོ་ནས་བཟུང་ཀྲེ་ཅང་ཞིང་ཆེན་གྱིས་སྔ་གཞུག་ཏུ་ལས་གཞིའི་རྣམ་གྲངས་38ལྷག་ལག་བསྟར་བྱས་པ་དང་།  མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཏང་།

ཐེམ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་མཱ་ཞུའེ་ཐེ་ཡིས་བཤད་རྒྱུར།   ཐེངས་འདིའི་སྡེ་བ་དང་ཁེ་ལས་མཉམ་སྦྲེལ་གྱི་བཞུགས་མོལ་ཚོགས་འདུའི་མཉམ་སྦྲེལ་གྲོས་མཐུན་གྱི་ཁ་ཕྱོགས་གསར་བས།  ཀྲེ་ཅང་ཚོང་གཉེར་ཁེ་ལས་དང་ཐེམ་ཆེན་རྫོང་གཉིས་ཀྱིས་ཐོན་ལས་མཉམ་སྦྲེལ་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་།  ཁྱད་ལྡན་ཐོན་ལས་སྣ་ཚོགས་སྐུལ་སྤེལ་དང་ཞིང་སྡེའི་ལས་ཞུགས་ལ་སྐུལ་འདེད།    ཀྲེ་ཅང་ཚོང་གཉེར་ཁེ་ལས་ཀྱིས་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཆེན་པོ་བཏོན་པ་དང་།   སྡེ་བའི་ཁེ་ལས་དང་ཏང་རྩ་འཛུགས་མཉམ་སྦྲེལ་གྱི་བྱ་བར་རྨང་གཞི་བཏིངས་ཟེར།