མཚོ་ལྷོ་ཁུལ་གྱིས་ནོར་ནག་ཐོན་རྫས་དཔེ་སྟོན་ལས་གཞི་ས་ཁུལ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་།
2018.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས《མཚོ་སྔོན་ཞིང་ཆེན་ནོར་ནག་ཐོན་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དཔེ་སྟོན་ས་ཁུལ་གསར་འཛུགས་སྐོར་གྱི་ལག་བསྟར་ཇུས་གཞི》དང《མཚོ་ལྷོ་ཁུལ་གྱི་ནོར་ནག་ཐོན་ལས་གསར་སྤེལ་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》དཔར་སྐྲུན་གྱི་རྨང་གཞིའི་སྟེང་། གསར་ཏུ་མཚོ་ལྷོ་ཁུལ་གྱི་ཧེ་དཔས་དངུལ་གཏོང་ཚད་ཡོད་ཀུང་སུ་གཙོ་བོར་བཟུང་བ་དང་མཚོ་སྔོན་བཀྲ་ཤིས་རྒན་པ་ཞིང་ལས་ཚན་རྩལ་དང་། མཚོ་སྔོན་གཙང་གསུམ་ཞིང་ཕྱུགས་གསར་སྤེལ། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ཤ་ལས་ཐོན་སྐྱེད།  མཚོ་སྔོན་ཞིང་ཁ་མེ་ཏོག་ཕྱུགས་ལས། ཁྲི་ཀའི་རྨ་ཆུའི་གསོག་དར་གཟན་ཆས། མང་རྫོང་དེང་རབས་གཟན་རྩྭ་ལས་རིགས་སོགས་ཁྱོན་སྡོམ་ཁེ་ལས11ནོར་ནག་ཐོན་ལས་མཉམ་འབྲེལ་ཁེ་ལས་ཀྱི་ཁོངས་གཏོགས་སུ་གྱུར་བའི་མཚོ་ལྷོ་ཁུལ་ནོར་ནག་ཐོན་ལས་གསར་སྤེལ་ལྟེ་གནས་ཀུང་སུ་གསར་དུ་བཙུགས། 

མིག་སྔར། གསར་སྤེལ་ལྟེ་གནས་དེས་ཀྲུང་གོའི་ཚད་ལྡན་ཞིབ་འཇུག་ཁང་དང་ཀྲུང་གོའི་ཐོན་ལས་ཡར་སྤེལ་ཚོགས་པ་དང་ཀན་སུའི་ཞིང་ལས་སློབ་ཆེན། མཚོ་སྔོན་སློབ་ཆེན། ཀྲུང་གོའི་ཞིང་ལས་སློབ་ཆེན། ཅང་སུའུ་ཞིང་ལས་སློབ་ཆེན། ཧྲང་ཧེ་ཟས་རིགས་ཞིབ་འཇུག་གླིང་སོགས་མཐོ་རིམ་སློབ་གླིང་དང་ཞིབ་འཇུག་སྡེ་ཁག་སོགས་ལ་ལག་རྩལ་མཉམ་འབྲེལ་ཐད་ཀྱི་འབྲེལ་བ་ཟབ་མོ་བཟུང་ལ། ཧུར་ཐག་གིས་མཚོ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ཁེ་ལས་གསར་སྤེལ་ལས་སྣོན་རྟེན་གཞི་དང་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ཐོན་རྫས་ཕྱིར་གཏོང་རྟེན་གཞིར་འགྱུར་བར་བྱས།