མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་མཚོ་ཤར་འཛུགས་སྐྲུན་བྱ་བར་གྲུབ་འབྲས་མངོན་གསལ་བླངས།
2018.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་བའི་ལོ་འདི་དག་གི་རིང་།    མཚོ་ཤར་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱས་ཏེ།   རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་པ་དང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དམིགས་སུ་བཟུང་ནས།  ཤུགས་ཆེན་པོས“སྐྱེ་ཁམས་མཚོ་ཤར་”འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་སྒོས་ལེགས་བཅོས་བྱས།

མཚོ་ཤར་གྲོང་ཁྱེར་གྱིས་རླུང་ཁམས་ཆེན་མོའི་འབག་བཙོག་ཆེད་སྤྱོད་མ་དངུལ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ།  ཙོང་ཆུའི་རྒྱུད་ཀྱི་རྫོང་བཞིའི“རྡོ་སོལ་སོལ་རླངས་སུ་བསྒྱུར་བའི”་བྱ་བ་ཡོངས་སུ་འགྲུབ་པར་བྱས། ཕིན་ཨན་དང་མེན་ཧོ་གཉིས་ཀྱི་རང་བྱུང་སོལ་རླངས་དྲ་སྦུག་རིམ་བཞིན་མཐའ་མཁོར་ཞིང་གྲོང་ལ་བསྲིངས་པས་རང་བྱུང་སོལ་རླངས་ཀྱི་ཁེབས་ཚད་རིམ་བཞིན་ཡར་འཕར།   དཔའ་ལུང་དང་ཞོན་ཧྭ་རྫོང་གི་རང་བྱུང་སོལ་རླངས་དྲ་སྦུག་འཛུགས་བསྐྲུན་བརྟན་འཇགས་ངང་སྐུལ་སྤེལ།   ཁེ་ལས་ཀྱིས་དུ་རླངས་ཕྱིར་གཏོང་བར་བཅོས་སྐྱོང་དང་ཚད་ལྡན་ཅན་གྱི་རྡོ་སོལ་ཁྲོམ་ར་ལེགས་སྐྲུན།  སྣུམ་རླངས་ཕྱིར་བསྡུའི་མ་ལག་གྲུབ་པ་བཅས་ཀྱིས་རླུང་ཁམས་ཁོར་ཡུག་གི་འབག་བཙོག་ལ་བཀག་འགོག་གི་ནུས་པ་ཐོན།  འཚོ་བའི་བཙོག་ཆུ་གཙང་བཟོ་བཟོ་སྐྲུན་དེ་གཙོ་གནད་གྲོང་རྡལ་དང་ལྗོངས་རྒྱུ་ཁུལ་དུ་བསྲིངས་ནས།  རྫོང་དྲུག་གི་ཞིང་གྲོང་ཁུལ་གྱི་འཐུང་ཆུའི་འགོ་ཁུངས་ལ་ས་རྟགས་རྒྱག་པའི་བྱ་བ་ཡོངས་འགྲུབ་བྱས།

དེ་དང་མཉམ་ཏུ།  “ཁྱིམ་གཞིས་མཛེས་བཟོའི་འགུལ་སྐྱོད”སྤེལ་ཏེ་བསྡོམས་པས་ཞིང་སྡེ་བརྒྱད་བརྒྱ་དང་བཅོ་ལྔའི་ཁོར་ཡུག་མུ་འབྲེལ་ཁུལ་བཅོས་སྐྱོང་རྣམ་གྲངས་ལེགས་འགྲུབ་བྱས་ལ།  ཞིང་སྡེའི་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་ཁག་ཅིག་ལེགས་སྐྲུན་བྱས། ལམ་རྒྱུད་དང་ཡུལ་སྐོར་ལྟེ་གནས།  མཐའ་སྐོར་ཁོར་ཡུག་བཅས་ཕྱོགས་བསྡུས་བཅོས་སྐྱོང་ནན་མོ་བྱས་ནས་ཕན་འབྲས་མངོན་གསལ་བླངས་པ་དང་།  རྣམ་གྲངས་ཁེབས་ཚད་བརྒྱ་ཆའི་ལྔ་གཉིས་ལ་སླེབས་པ་དང་མི་འབུམ་བརྒྱད་དང་ཁྲི་གསུམ་ལྷག་ལ་ངེས་པ་དོན་གྱི་ཕན་བཏགས།

ཉིས་སྟོང་བཅུ་གསུམ་ལོར“མཐོ་གསར་ཡང་ལེགས”ཀྱི་ཐོན་ལས་སྲིད་ཇུས་ལག་བསྟར་བྱས་ཏེ་ཁེ་ལས་འབག་བཙོག་གི་འབྱུང་རྩ་གཏན་འགོག་བྱས་པ་དང་།   ཉིས་སྟོང་བཅུ་དྲུག་ལོར་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་པུའུ་རྒྱང་ཚོར་འཁོར་སྐར་ལྟ་ཞིབ་ཚད་ལེན་ལས་རྙེད་པའི་གནད་དོན་བཅུ་བདུན་དང“ཉིས་སྟོང་བཅུ་བདུན་ལོའི་ལྗང་མདོག་གོ་ཁྲབ”ཅེས་པའི་རང་བཤེར་ཁྲོད་རྙེད་པའི་གནད་དོན་བརྒྱད་པོ་ཚང་མ་དག་ཐེར་ལེགས་བཅོས་བྱས་ཡོད།