ཏུའུ་ལན་རྫོང་གིས་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་བྱ་བ་ཤུགས་ཆེན་པོས་སྤེལ།
2018.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་གིས་གནད་ཕིགས་དབུལ་ཐར་བྱ་བར་གཟབ་ནན་གྱིས་ཡར་སྐུལ་བྱས་ཏེ་དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་རྒྱུ་གནད་འགག་ཏུ་བྱས་པ་དང་།   སྐྱེ་ཁམས་ཐོན་ཁུངས་ལེགས་ཤོས་སྔོག་འདོན་བྱེད་རྒྱུ་རྒྱབ་རྟེན་དུ་བྱས་ཏེ་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ལ།   བྱེད་ཐབས་མང་པོ་འཚོལ་ཞིབ་བྱས་ཏེ་གློག་རྡུལ་ཚོང་དོན་སྡེ་བར་སྐྱོད་པར་སྐུལ་འདེད་བཏང་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཡོད་སྒོས་ཡར་སྐུལ་བྱས།

ཏུའུ་ལན་རྫོང་གིས་གློག་རྡུལ་ཚོང་དོན་དེ་སྒྲིག་གཞི་ལེགས་སྒྲིག་དང་རྫོང་ཁོངས་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་བྱས་པ་དང་།    རྒྱལ་ཁབ་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་གསར་འཛུགས་བྱ་བར་བརྟེན་ནས་རྫོང་ཡོངས་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་པ་དང་།   ཏུའུ་ལན་རྫོང་གི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ལག་བསྟར་ཇུས་གཞི་སོགས་ཡིག་ཆ་སྒྲིག་བཟོ་གཏན་ཁེལ་བྱས་ཏེ་གསར་འཛུགས་དམིགས་འབེན་དང་བྱ་བའི་ལས་འགན་གཏན་ཁེལ་གསལ་བོ་བྱས།

ཏུའུ་ལན་རྫོང་གིས་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་དཔེ་སྟོན་རྫོང་འཛུགས་སྐྲུན་ལས་གཞིའི་ལྟེ་བ་གཅིག་དང་མ་ལག་ལྔའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།   མིག་སྔར་རྫོང་རིམ་པའི་ཞིང་སྡེའི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་གྱིས་ཇུས་འགོད་དཔེ་རིས་ཀྱི་དཔྱད་ཞིབ་བྱ་བ་ཡོངས་གྲུབ་བྱས་ཡོད་པ་དང་།     ཞང་དང་གྲོང་རྡལ་སོ་སོར་སྔོན་ལ་འབྲེལ་འདྲིས་བྱས་པ་བརྒྱུད་དེ་སྡེ་བ་རིམ་པའི་ཞབས་ཞུའི་དྲ་ཚིགས་ཞེ་བདུན་གྱི་འཛུགས་ཡུལ་གཏན་ཁེལ་བྱས་ཡོད།   རྫོང་ཡོངས་སུ་གློལ་རྡུལ་ཚོང་དོན་གསོ་སྦྱོང་བྱ་བ་སྤེལ་ཏེ་གཞི་རིམ་འགོ་ཁྲིད་ལས་བྱེད་པ་དང་གློག་རྡུལ་ཚོང་དོན་ལག་རྩལ་མི་སྣའི་ཆེད་ལས་ཤེས་བྱའི་རྩལ་ནུས་ཁྱོན་ཡོངས་ནས་མཐོར་འདེགས་བཏང་བ་དང་།   གློག་རྡུལ་ཚོང་དོན་ལས་བྱེད་པའི་དཔུང་སྡེ་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་བཏང་།   རྫོང་ཡོངས་ཀྱི་ཞང་བཞི་དང་གྲོང་རྡལ་བཞིའི་སྲིད་འཛིན་སྡེ་བ་བརྒྱ་དང་དྲུག་དང་མཉམ་ལས་ཁང་བརྒྱ་ལྷག་གི་ཐོན་ལས་སྒྲིག་གཞིར་ཁྱོན་ཡོངས་ནས་ཞིབ་བཤེར་ལེགས་སྒྲིག་བྱས་པ་དང་།  མིག་སྔར་ཞིབ་བཤེར་སྤྱི་བསྡོམས་བྱ་བ་ཡོངས་གྲུབ་བྱས་ཡོད།

ཕྱིར་འགྲོ་བ་དང་ནང་འདྲེན་བྱེད་པའི་བྱེད་ཐབས་སྤྱད་དེ།   གློག་རྡུལ་ཚོང་དོན་གཞུང་སྒྲུབ་ཁང་གི་མི་སྣ་རྩ་འཛུགས་བྱས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་སོང་ནས་སློབ་སྦྱོང་བྱས་པ་དང་།   གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ལས་གཞི་ལག་བསྟར་དང་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པར་མ་ཟད།   ཉམས་མྱོང་བཟང་བོ་དང་བྱེད་ཐབས་གསར་པ་བསྡུ་ལེན་དང་།  གྲོས་གཞི་དང་བསམ་འཆར་ལ་ཉན།