མཚོ་ལྷོ་ཁུལ་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཤེས་བྱའི་སློབ་སྦྱོང་རྒྱུགས་ལེན་བྱ་བ་སྤེལ་།
2018.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན།   མཚོ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་སོ་སོའི་ཏང་ཨུ་དང་ཏང་གི་སྤྱི་ཁྱབ་ཀྲི་པུའུ།  ཐད་གཏོགས་ཏང་ཀྲི་པུའུ་སོགས་ཀྱི་ཏང་ཡོན་ལས་བྱེད་མི་སྣ་བརྒྱ་དང་བརྒྱད་ཅུ་རྩ་འཛུགས་བྱས་ཏེ། མཚོ་ལྷོ་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཤེས་བྱའི་སློབ་སྦྱོང་རྒྱུགས་ལེན་བྱ་བ་སྤེལ་།

ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཤེས་བྱའི་ཚོད་ལྟའི་རྒྱུགས་ལེན་སྤུས་ཚད་མཐོར་འདེགས་གཏོང་བ་དང་།   རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་གི་ལམ་ལུགས། ཏང་གི་སྒྲིག་ཁྲིམས།   དེ་མིན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཤེས་བྱའི་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་།   སྤྱོད་གཙང་རང་གཅུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  ཚོད་ལྟའི་རྒྱུགས་ལེན་ལ་བརྟེན་ནས་སློབ་སྦྱོང་ལ་ཡར་སྐུལ་བྱེད་པ་དང་།   སློབ་སྦྱོང་ལ་བརྟེན་ནས་སྤྱོད་གཙང་ལ་ཡར་སྐུལ་བྱེད་པའི་དམིགས་འབེན་ལ་སླེབས་པར་བྱེད་ཆེད།   ཐེངས་འདིའི་ཚོད་ལྟའི་རྒྱུགས་ལེན་གྱི་ནང་དོན་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྒྱས་བཤད་གལ་ཆེན།   ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག   ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི།   ཀྲུང་གོ་གུང་ཁྲན་ཏང་གི་འགན་འདྲིའི་སྲོལ་ཡིག   ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་སྲོལ་ཡིག    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་སོགས་ཐད་ཀྱི་ཤེས་བྱས་ཁེབས་པར་བྱས་ཡོད་པ་དང་།  རྒྱ་ཆེའི་ལས་བྱེད་པ་རྣམས་ཀྱིས་རེ་བ་ལྟར་གཟབ་ནན་གྱིས་དྲི་བར་ལན་བཏབ།

དེའི་ཁྲོད།  ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་མྱོང་ཚོར་འབྲི་བ་སོགས་གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱིས་སློབ་སྦྱོང་བྱེད་པའི་བྱེད་ཐབས་བརྒྱུད་དེ།  སྲོལ་ཡིག་དང་ཚད་གཞིའི་ནང་དོན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་གཏིང་ཟབ་བྱས།