མཚོ་སྔོན་གྱིས་ཤེས་བྱའི་ཐོན་དབང་སློབ་རར་སྐྱོད་པ་ཞེས་པའི་བྱ་འགུལ་སྤེལ།
2018.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་བསྒྲུབས་པའི་ཤེས་བྱའི་ཐོན་དབང་སློབ་རར་སྐྱོད་པ་ཞེས་པའི་མུ་འབྲེལ་བྱ་འགུལ་ལས་ཤེས་བྱའི་ཐོན་དབང་ཁྱབ་གདལ་བྱེད་པའི་སློབ་གསོ་སྒྲོག་འགྲེལ་སློབ་འབྲིང་དུ་སྐྱོད་པ་ཞེས་པའི་བྱ་འགུལ་ཟི་ལིང་སློབ་འབྲིང་ལྔ་བ་ནས་སྤེལ།

མཚོ་སྔོན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་སྲིང་དང་ཤེས་བྱའི་ཐོན་དབང་གི་འདུ་ཤེས་མཐོར་འདེགས། ཤེས་བྱའི་ཐོན་དབང་གི་སློབ་གསོ་ཏན་ཏིག་གིས་སྤེལ་བ། གསར་གཏོད་ཅན་གྱི་འཇོན་མི་གསོ་སྐྱོང་ལ་རྨང་གཞི་བསྐྲུན་པ་བཅས་ནི་ཐེངས་འདིའི་བྱ་འགུལ་གྱི་བརྗོད་གཞི་རེད།

ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡི་རྟོག་ཞིབ་པ་ཁྲིན་དབྱི་པེན་གྱིས་བྱ་འགུལ་ཁྲོད་བཤད་རྒྱུར། བྱ་འགུལ་བརྒྱུད་ནས་དགེ་སློབ་གཉིས་ཀྱི་ཚན་རྩལ་གསར་གཏོད་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་དང་། སློབ་མའི་གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་། ཤེས་བྱའི་ཐོན་དབང་ལ་གོང་བཀུར་དང་ཤེས་བྱའི་ཐོན་དབང་གི་སློབ་གསོའི་སྒུལ་ཤུགས་ནུས་པ་ཁྱབ་སྤེལ་བྱས་ནས། “སློབ་མ་རེ་ལ་སློབ་གསོ་བཏང་ནས།  ཁྱིམ་ཚང་རེ་ལ་བག་ཆགས་བཞག་སྟེ་སྤྱི་ཚོགས་ཡོངས་སྒུལ་གྱི”རྣམ་པ་གྲུབ་ཏུ་འཇུག་དགོས་ཟེར།