ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཡི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྡེ་བ་རིམ་པའི་ཉི་གློག་དབུལ་སྐྱོར་ལས་གཞིའི་དྲ་སྦྲེལ་གློག་འདོན་མཛད་སྒོ་དངོས་སུ་བསྡུས། འདི་ནི་མཚོ་ཤར་གྲོང་ཁྱེར་གྱི་སྡེ་བ་རིམ་པའི་ཆེས་ཐོག་མའི་ཉི་གློག་དབུལ་སྐྱོར་དྲ་སྦྲེལ་གློག་འདོན་ལས་གཞི་ཡིན་ལ། ལས་གཞིའི་སྤྱིའི་སྒྲིག་ཆས་ཀྱི་ཤོང་ཚད་དྲོ་ཝ་དྲུག་དང་གྲངས་ཆུང་དགུ་ཡིན་ལ། དབུལ་ཕོངས་སྡེ་བ་44ལ་ཁྱབ་ཡོད། དེས་ཡིག་བཙུགས་བྱང་བསྒྲིགས་ཀྱི་བཁྱིམ་གྲངས་སྟོང་གཅིག་དང་ཉེར་དགུའི་ཡོང་འབབ་ཇེ་མང་དུ་གཏོང་ཐུབ།
སྡེ་བ་རིམ་པའི་ཉི་གློག་དབུལ་སྐྱོར་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དབུལ་ཐར་མཁྲེགས་གཏོར་ལ་ཤུགས་འདོན་པའི་ཆེད་དང་དབུལ་ཕུངས་མང་ཚོགས་བསམ་ནས། དོ་ཁུར་ཆེན་པོ་དང་ཕྱོགས་ཡོངས་ཁྱབ་སྤེལ་བྱེད་པའི་ཐོན་ལས་དབུལ་སྐྱོར་གྱི་ལས་རྣམ་གསར་བ་ཞིག་ཡིན།
ལས་གཞི་དེའི་རྒྱ་ཁྱོན་ལ་སྤྱི་ཆིང་བཅུ་གཅིག་ཡོད་ལ་ལས་གཞིའི་སྤྱིའི་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བརྒྱད་འབུམ་གཅིག་ཁྲི་བརྒྱད་བཏང་ཞིང་མ་དངུལ་ཡོད་ཚད་ཞིང་ཆེན་གྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་རེད། དེའི་ནང་སྒོར་བྱེ་བ་གཉིས་དང་ས་ཡ་གཉིས་དོན་ཐོག་ཏུ་འབྱོར་བར་མ་ཟད་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། ལྷག་མའི་སྒོར་ཁྲི་བྱེ་བ་གཉིས་དང་ས་ཡ་ལྔ་ཉིས་སྟོང་བཅུ་དགུ་ལོ་དང་ཉིས་སྟོང་ཉི་ཤུ་ལོར་སྔ་གཞུག་ཏུ་ཐག་གཅོད་རྒྱུ་རེད།
ལས་གཞི་འདི་ནི་ད་ལོའི་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། ལས་གཞི་འཛུག་སྐྲུན་ཁེ་ལས་ཀྱིས་དུས་ཡུན་ཐུང་བ་དང་གནམ་གཤིས་ཀྱི་དཀའ་ཁག་སོགས་སེལ་ཏེ་ཟླ་གཉིས་ཀྱི་དུས་ཡུན་རིང་དྲ་སྦྲེལ་གློག་འདོན་གྱི་ལས་འགན་ཡོངས་འགྲུབ་བྱས། ལས་གཞི་ཡོངས་སུ་འགྲུབ་རྗེས། ལོ་ཉི་ཤུ་དང་ཉེར་ལྔའི་རིང་བཀོལ་སྤྱོད་བྱེད་ཐུབ་ལ། དེས་ཆུའུ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཇེ་མཐོར་གཏོང་བ་དང་དབུལ་ཕོངས་སྡེ་བའི་སྡེ་དམངས་ཀྱི་དཔལ་འབྱོར་ཇེ་རྒྱས། དབུལ་ཕོངས་སྡེ་བའི་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་སོགས་ལ་སྐུད་འདེད་ཀྱི་ནུས་པ་ཐོན་ཐུབ།