མཚོ་ལྷོ་ཁུལ་གྱིས་བློ་སྐྱོར་སློབ་གསོའི་གསོ་སྦྱོང་བྱ་བ་གཟབ་ནན་གྱིས་སྤེལ།
2018.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉེ་ལམ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་གི་བློ་སྐྱོར་སློབ་གསོའི་གསོ་སྦྱོང་བྱ་བ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན།   ཐེངས་འདིའི་བློ་སྐྱོར་འཛིན་གྲྭས་ཡུལ་བབ་དང་བསྟུན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཞང་དང་གྲོང་རྡལ་གྱི་ལས་བྱེད་མི་སྣ་སློབ་ཁྲིད་བྱེད་མཁན་གཙོ་བོར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཁུལ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་སོགས་ཐད་ཀྱི་སྲིད་ཇུས་གཙོར་བཟུང་ནས་སྒྲོག་འགྲེལ་བྱས་པ་དང་།    དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་ཐད་ཀྱི་དྲི་བ་དྲིས་ལན་དང་མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་ལས་བྱེད་པའི་དབུལ་སྐྱོར་ལས་སྒོའི་གསོ་སྦྱོང་བསླབ་གཞི་གཉིས་གཟབ་ནན་གྱིས་འགྲེལ་བཤད་བྱས་པར་མ་ཟད།   དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྨན་བཅོས་རོགས་སྐྱོར་དང་སྡོད་ཁང་འགན་སྲུང་།   གནས་སྤོར་ལས་ཞུགས་སོགས་དམངས་ཕན་དབུལ་སྐྱོར་སྲིད་ཇུས་འགྲེལ་བཤད་བྱས།   དེ་མིན།   དབུལ་ཐར་བྱས་ཟིན་པའི་ཁྱིམ་ཚང་གི་དབུལ་ཐར་བརྒྱུད་རིམ་བཤད་དུ་བཅུག་ནས་ཁོ་ཚོའི་དཀའ་སྤྱད་འབད་བརྩོན་དང་དབུལ་ཐར་ཕྱུག་འགྱུར་གྱི་གཏམ་རྒྱུད་ལ་བརྟེན་ནས་བློ་སྐྱོར་འཛིན་གྲྭར་ཞུགས་པའི་མི་རྣམས་ཀྱི་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཡིད་ཆེས་དང་སེམས་ཤུགས་ཇེ་བརྟན་ཏུ་བཏང་བ་དང་།   ཏང་དང་སྲིད་གཞུང་གི་དྲིན་དྲན་པའི་འདུ་ཤེས་བརྟན་པོར་བཙུགས།   དེར་མ་ཟད།   དྲང་ཕྱོགས་སློབ་གསོའི་སྣེ་ཁྲིད་བརྒྱུད་དེ་དུས་རབས་ཀྱི་དར་སྲོལ་གསར་པ་དང་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་བ་དང་།   སྤྱི་ཚོགས་ཀྱི་གོམས་སྲོལ་མི་ལེགས་པ་བཀག་འགོག་དང་།   སྡེ་སྲོལ་དམངས་སྲོལ་བཟང་བོ་གསོ་སྐྱོང་དང་དར་སྤེལ་བཏང་སྟེ་ཞང་སྲོལ་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དབུལ་ཐར་མཁྲེགས་གཏོར་ཐད་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།

བྱ་བའི་ཁྲོད།  མཚོ་ལྷོ་ཁུལ་གྱིས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ནུས་ལྡན་བྱེད་ཐབས་སྣ་མང་སྤྱད་པ་དང་།   གཅིག་བསྡུས་གསོ་སྦྱོང་དང་བཞུགས་མོལ་བརྗེ་རེས།   རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་བསམ་བློའི་སྣེ་ཁྲིད་དང་དྲིལ་སྒྲོག་སློབ་གསོ་བྱ་བ་སྤེལ།