མགོ་ལོག་ཁུལ་གྱིས་བཅོས་བསྒྱུར་གཏིང་ཟབ་སྤེལ་ཏེ་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ།
2018.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱུད་མཐུད་ངང་ཚོང་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ ཏུ་སྤེལ་བ་དང་།  ལྟ་སྐུལ་དོ་དམ་ལམ་ལུགས་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ཤུགས་ཡོད་སྒོས་ཚོང་གཉེར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ལེགས་སྒོས་འཕེལ་རྒྱས་སུ་འགྲོ་བར་རོགས་འདེགས་བྱས།

མགོ་ལོག་ཁུལ་གྱིས་ནན་ཏན་སྒོས་ཞིབ་དཔྱོད་དང་གཏན་འབེབ་གཅིག་གྱུར་གྱི་ལམ་ལུགས་སྟབས་བདེའི་ངང་སྤེལ་ཆེད། ཐོ་འགོད་ཀྱི་ཉིན་གྲངས་སྔོན་གྱི་ཉིན་ལྔ་ལས་ཉིན་གསུམ་ལ་གཏན་ཁེལ་བྱས་པ་དང་། གོམ་གང་མདུན་སྤོས་སྒོས་ཁེ་ལས་ཆུང་བའི་འཕེལ་རྒྱས་ལ་རོགས་འདེགས་ཀྱི་ལམ་ལུགས་ལག་བསྟར་བྱེད་ཆེད། མི་སྒེར་གྱི་ཚོང་དོན་རྣམ་པ་ཁེ་ལས་སུ་བསྒྱུར་བར་སྣེ་ཁྲིད་བྱས་པ་དང་། ལྗང་མདོག་ཞབས་ཞུའི་རྣམ་པ་གསར་སྐྲུན་བྱས་ཏེ་ལས་ཤོར་མི་སྣ་དང་སློབ་ཆེན་སློབ་མའི་ཁེ་ལས་ཆུང་བ་གསར་སྤེལ་བྱེད་པར་སྟབས་བདེའི་ཁོར་ཡུག་བསྐྲུན་པ། ཁེ་ལས་ཀྱི་ཆ་འཕྲིན་སྤྱི་བསྒྲགས་འཐེན་ཞིབ་བྱ་བའི་ཇུས་གཞི་གཏན་ཁེལ་བྱས་ཏེ་བསྒྲགས་པ་དང་། ཁེ་ལས་དང་ལག་བསྟར་མི་སྣའི་མིང་མཛོད་གསར་ཏུ་སྒྲིག་པ། རྒྱུན་མ་ཆད་པར་ཁེ་ལས་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བྱས།

དེ་དང་མཉམ་དུ་མགོ་ལོག་ཁུལ་གྱིས་རྒྱུན་མ་ཆད་པར་དྲྭ་ལམ་ཆ་འཕྲིན་འཛུགས་སྐྲུན་ཐད་ཤུགས་བསྣན་པ་དང་།  ཧུར་ཐག་གིས་ཐོ་འགོད་མི་སྣ་ཞིང་ཆེན་ཡོངས་ཀྱི་བཟོ་ཚོང་དང་ཚོང་རའི་ལྟ་སྐུལ་གྱི་གསབ་སྦྱོང་ལ་ཞུགས་པ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་དང་སྲིད་ཇུས་བྱེད་ཐབས་ཀྱི་ལག་བསྟར་ནུས་པ་སོགས་མཐོར་འདེགས་སུ་གཏོང་བ། རྒྱུན་མ་ཆད་པར་གནས་ཚུལ་འདྲི་རྟོག་ཞབས་ཞུའི་ཆུ་ཚད་མཐོར་འཏེགས་གཏོང་བ། དུས་ལྟར་དུ་མི་དམངས་ལ་སྲིད་ཇུས་དང་བཅའ་ཁྲིམས་བློ་འདོན་བྱེད་པ་བཅས་ཀྱི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་།