དར་ལག་རྫོང་གིས་བྱེད་ཐབས་བཞི་སྤྱད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2018.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ད་ལོར།   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་སྐྱེད་ཆེད་ཞང་སྡེའི་དར་རྒྱས་ཐབས་ཇུས་ཀྱི་གལ་ཆེའི་བྱེད་ཐབས་ལག་བསྟར་བྱས་པ་དང་།     ཁྱད་ལྡན་ཐོན་རྫས་གསོ་སྐྱོང་དང་།   ཕྱོགས་བསྡུས་དབུལ་སྐྱོར།    སྡེ་བའི་ལས་བྱེད་པའི་ཕྱོགས་བསྡུས་བྱེད་ནུས་མཐོར་འདེགས་ལས་གཞི་སོགས་བརྒྱུད།   ཐབས་ཇུས་བཞི་སོགས་ཀྱིས་མུ་མཐུད་ནུས་ཤུགས་གང་མང་བཏོན་ནས།  རྫོང་ཡོངས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་།   འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་རྨང་གཞི་བསྐྲུན།

དར་ལག་རྫོང་གིས་ཁྱད་ལྡན་ཐོན་རྫས་གསོ་སྐྱོང་བྱེད་རྒྱུ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བཟུང་སྟེ།   ཐུན་མོང་དབུལ་ཐར་གྱི་ཐོན་ལས་སྤེལ་བ་དང་།   སྡེ་བ་བཅུ་གསུམ་གྱིས་ཁྱད་ལྡན་ཐོན་ལས་ཀྱི་ལས་གཞི་བསྐྲུན་ནས་ས་ཁོངས་ཚོང་རྫས་གྲགས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་།  འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན།   སྣ་མང་ཅན་གྱི་དབུལ་སྐྱོར་བྱེད་ཐབས་སྤྱད་ནས་སྡེ་བ་སོ་སོའི་དབུལ་སྐྱོར་བྱ་བར་སྒྲིལ་ཤུགས་ཆགས་པ་དང་།  སྡེ་བའི་ཐུན་མོང་དཔལ་འབྱོར་ལ་གྲུབ་འབྲས་མངོན་གསལ་བླངས།

དེ་དང་མཉམ་དུ།   དབུལ་སྐྱོར་ཆེད་དོན་གསོ་སྦྱོང་སྤེལ་བ་དང་།  སྔོན་ཐོན་ས་ཁུལ་གྱི་དབུལ་ཐར་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ།  སྡེ་བའི་རང་བདག་ཐབས་ཇུས་དང་ནུས་པ་མཐོར་འདེགས་བཏང་བ་མ་ཟད།  ལམ་ལུགས་བཅུ་བདུན་དང་ཐོན་ཁོངས་གསུམ་གྱི་བདག་གཉེར་རྩིས་ཐོ་གཏན་འབེབས་བྱས་ལ།  ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་གཞི་རྩའི་འགན་སྲུང་འདོན་སྤྲོད་བྱས་པ་དང་།   སྡེ་བའི་ལྟ་སྐུལ་ཨུ་ཡོན་ལྷན་ཚོགས་བཙུགས་ནས་ཐུན་མོང་དཔལ་འབྱོར་ལ་བདག་གཉེར་བཟང་པོ་བྱས་པ་དང་།   སྡེ་བ་རིམ་པའི་རྒྱུ་ནོར་རིན་སྲུང་རིན་འཕར་མངོན་འགྱུར་བྱེད་པར་འབད་པ་ལྷོད་མེད་བྱེད་ཀྱིན་ཡོད་ཟེར།