མིག་སྔར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་དོ་དམ་ལྟེ་གནས་ཚུགས་པའི་ཚོགས་འདུ་རྒྱ་ཆེན་བསྡུས་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་དོ་དམ་ལྟེ་གནས་དངོས་སུ་ཚུགས་པ་མཚོན།
ཏང་ཀྲུང་དབྱང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་གཞིའི་འབྲེལ་ཡོད་བླང་བྱ་གལ་ཆེན་ནན་ཏན་དངོས་འབེབས་བྱེད་ཆེད། ཞིང་ཆེན་ཏང་ཨུའི་མཆོག་མཆན་ཐོབ་པའི་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས། མཚོ་སྔོན་ཞིང་ཆེན་སྲིད་དོན་སྤྲིན་སྟེགས་དང་སྲིད་དོན་ཕྱི་དྲའི་བདེ་འཇགས་འགན་སྲུང་མ་ལག་གི་ཐད་འདེགས་སྐྱོར་བྱས། གྲོང་ཁྱེར་དང་ཁུལ་རིམ་པ་གཉིས་ལ་ཁེབས་པའི་སྲིད་དོན་སྤྲིན་སྟེགས་དང་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་ཅན་གྱི་གློག་རྡུལ་སྲིད་དོན་ཕྱི་དྲའི་བདེ་འཇགས་ལྟ་ཞིབ་སྟེགས་བུ་དང་། འཕྲལ་བསྟུན་སྟེགས་བུ། བདེ་འཇགས་སྟེགས་བུ། བདེ་འཇགས་འགོག་སྲུང་སྟེགས་བུ། བདེ་འཇགས་དོན་རྐྱེན་ཐག་གཅོད་སྟེགས་བུ་སོགས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱས་པ་དང་། སྲིད་དོན་ལས་གཉེར་མ་ལག་གང་མང་བསྐྲུན་ནས་ཚད་ལྡན་གྱི་བདེ་འཇགས་བྱ་བར་རྒྱབ་སྐྱོར་གང་ལེགས་དང་ནུས་ཤུགས་གང་མང་འདོན་སྤྲོད་བྱེད་རྒྱུ་རེད།།
མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་དོ་དམ་ལྟེ་གནས་འཁོར་བསྐྱོད་བྱས་པ་དེས། མཚོ་སྔོན་ཞིང་ཆེན་སྲིད་དོན་སྤྲིན་སྟེགས་དང་གློག་རྡུལ་སྲིད་དོན་ཕྱི་དྲའི་བདེ་འཇགས་འགན་སྲུང་དང་། སྔོན་འགོག འཕྲལ་བསྟུན་ཐག་གཅོད་བྱེད་པའི་ནུས་པ་མཐོ་རུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཆུ་ཚད་ཡོངས་སུ་མཐོར་འདེགས་གཏོང་རྒྱུ་དེ་ནི། ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་བྱ་བར་ཧུར་ཐག་གིས་སྐུལ་འདེད་བྱེད་པ་དང་། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཐབས་ཇུས་ནང་ཡོངས་སུ་ཞུགས་པའི་གལ་ཆེའི་བྱེད་ཐབས་ཉག་ཅིག་ཡིན་ཟེར།