གཅན་ཚ་རྫོང་ཁམས་ར་གྲོང་རྡལ་གྱིས་དབུལ་ཐར་མཁྲེགས་གཏོར་ལས་དོན་གཟབ་ནན་གྱིས་སྤེལ།
2018.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ད་ལོའི་ཚུན་ལ།   རྨ་ལྷོ་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་ཏང་ཨུས་ཏང་འཛུགས་ཀྱིས་དབུལ་སྐྱོར་ལ་སྣེ་ཁྲིད་བྱེད་པ་དང་དབུལ་སྐྱོར་གྱིས་ཏང་འཛུགས་ལ་ཡར་སྐུལ་བྱེད་པ་དངོས་འབེབས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཁྱད་འཕགས་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་དབུལ་སྐྱོར་ཀྱི་དགེ་མཚན་དུ་བསྒྱུར།

ཁམས་ར་གྲོང་རྡལ་ཏང་ཨུས་སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ། ཏང་ཡོན་རྩ་འཛུགས་བྱས་ཏེ་སློབ་སྦྱོང་བྱས་པ་དང་།   གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་སོགས་ཏང་ནང་ཁུལ་གྱི་གཞི་རྩའི་ལམ་ལུགས་དངོས་འབེབས་བྱས་ཏེ་ཏང་ཡོན་གྱིས་དུས་ཐོག་ཏུ་ཏང་གི་བྱེད་ཕྱོགས་སྲིད་ཇུས་སོ་སོར་རྒྱུས་ལོན་བྱེད་པ་དང་།  རྒྱལ་ཁབ་ཀྱིས་བཏོན་པའི་ཞིང་ཕན་ཞིང་སྟོབས་ཞིང་སྐྱོར་སྲིད་ཇུས་ལ་རྒྱུས་ལོན་བྱེད་པར་རྒྱབ་སྐྱོར་བྱས།  དེང་རབས་སློབ་གསོའི་བྱེད་ཐབས་སྣ་མང་སྤྱད་དེ་ཏང་ཡོན་རྩ་འཛུགས་ཀྱིས་སྔོ་ཚལ་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་པར་མ་ཟད།   རྫོང་ཞིང་ལས་ལག་རྩལ་སྡེ་ཁག་དང་འབྲེལ་འདྲིས་བྱས་ཏེ་མང་ཚོགས་ཀྱི་དྲོད་ཁང་འདེབས་འཛུགས་ལག་རྩལ་མཐོར་འདེགས་བཏང་།   སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རྩ་འཛུགས་ནུས་ཤུགས་མཐོར་འདེགས་དང་།  ཏང་ཡོན་གྱིས་གྲོས་བསྡུར་བྱེད་པ་དང་དམངས་གཙོ་གྲོས་བསྡུར་བྱེད་པ་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཏང་གི་ལས་དོན་དང་སྡེ་བའི་ལས་དོན་ཡོངས་བསྒྲགས་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་ཁྱོན་ཡོངས་ནས་དང་ལེན་བྱས།  སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཏེ་དབུལ་ཕོངས་སྡེ་བ་ཁ་ཤས་ཀྱིས་ཞིང་བའི་མཉམ་ལས་ཁང་འཛུགས་པར་སྐུལ་འདེད་དང་།   མཉམ་ལས་ཁང་དུ་མ་རྐང་འཇོག་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཐད་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་།