ད་ལོའོ་ཚུན་ལ། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཏང་འཛུགས་དང་དབུལ་ཐར་མཁྲེགས་གཏོར་མཉམ་བསྲེས་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ་ཏང་ཨུས་སྣེ་ཁྲིད་དེ་ཐོན་ལས་འཆར་འགོད་དང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ལས་སྐྲུན་དངོས་འབེབས་དམ་འཛིན་བྱེད་པ། ཏང་ཡོན་གྱིས་ལས་དོན་སྒྲུབ་པར་དཔེ་སྟོན་བྱེད་པ། མང་ཚོགས་ཀྱིས་མཉམ་དུ་ཁྱིམ་གཞིས་དར་རྒྱས་སུ་གཏོང་བའི་བྱ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ལོ་གཅིག་གི་རིང་ལ། གྲོང་རྡལ་ཡོངས་ཀྱིས་ཁྱད་ལྡན་འདེབས་འཛུགས་གསོ་སྤེལ་རྟེན་གཞི་དང་མཉམ་ལས་ཁང་དྲུག་བཙུགས་ཏེ་ཐོན་རྫས་རིན་ཐང་སྒོར་ས་ཡ་བརྒྱད་དང་འབུམ་བདུན་ཁྲི་གསུམ་མངོན་འགྱུར་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་སོ་བརྒྱད་དང་དབུལ་ཕོངས་མི་གྲངས་སུམ་བརྒྱ་གྱ་དགུས་གཏན་འཇགས་ཀྱིས་ལས་སྐྲུན་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་ལྷག་གིས་ཇེ་མང་དུ་སོང་། དེ་དང་མཉམ་དུ། གྲོང་རྡལ་ཏང་ཨུས་སྣེ་ཁྲིད་བྱས་ཏེ་ལ་ཟེ་བ་ཆུ་གློག་ས་ཚིགས་དང་མང་ཚོགས་བརྒྱ་དང་བཅུ་བདུན་བར་ངལ་རྩོལ་གན་རྒྱའི་ཡི་གེ་བཀོད་ནས་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་བྱེད་པར་རོགས་འདེགས་བྱས།