ཐུན་ཏེ་རྫོང་གིས་དབུལ་ཕོངས་ངལ་རྩོལ་ལག་རྩལ་གྱི་གསབ་སྦྱོང་ལ་ཤུགས་བསྣན།
2018.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ་ནས་བཟུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབ་དོན་འཁྱོལ་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། དབུལ་སྐྱོར་ལས་ཁུངས་ཀྱི་གསབ་སྦྱོང་གྲོན་དངུལ་སོགས་ཀྱི་ཐོན་ཁུངས་ཧུར་ཐག་གིས་ཕྱོགས་བསྡུས་བྱས།  ལག་བསྟར་དོན་འཁྱོལ་ཐུབ་པའི་རང་བཞིན་འཕེལ་རྒྱས་ཀྱི་འགག་གནད་དུ་བཟུང་ཐོག་གནད་ཕིགས་དབུལ་སྐྱོར་ཕྱོགས་ཡོངས་ནས་བརྟན་པོར་སྤེལ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ངལ་རྩོལ་པའི་གསབ་སྦྱོང་བྱ་བའི་གོང་འཕེལ་ལ་རོགས་འདེགས་བྱས།

ད་ལོར། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོས་ཕྱོགས་བསྡུས་གསབ་སྦྱོང་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་དྲུག་ལྷག་ཕྱོགས་བསྡུས་བྱས་པ་དང་སྤྱིའི་མི་གྲངས་ཉིས་བརྒྱ་དྲུག་ཅུ་ལ་དབུལ་སྐྱོར་ངལ་རྩོལ་གྱི་ལག་རྩལ་གསབ་སྦྱོང་སྤེལ།   གསབ་སྦྱོང་གི་ནང་དོན་ལ་ཁ་ལོ་བ་དང་ཟས་རིགས་གཡོས་སྦྱོར། ཁང་བ་མཛེས་བཟོ། ས་རྐོ་འཕྲུལ་འཁོར་གྱི་ཁ་ལོ་བའི་འཛིན་ཡིག་སོགས་འདུས་ཡོད་ལ་དབུལ་སྐྱོར་ངལ་རྩོལ་པའི་ལག་རྩལ་འཇོན་ནུས་མཐོར་འདེགས་དང་དབུལ་སྐྱོར་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ལམ་ཁ་ཇེ་ཆེར་བཏང་།  དེ་དང་མཉམ་དུ།  མིག་སྔར་ཞང་དང་གྲོང་རྡལ་ལྔ་ཡི་གནད་ཕིགས་དབུལ་སྐྱོར་ཁྱིམ་ཚང་དང་མཐའ་སྲུང་ཁྱིམ་ཚང་།  དབུལ་བོར་བསྐྱར་ལོག་ཁྱིམ་ཚང་། ཡུལ་གཞན་གནས་སྤོས་དབུལ་སྐྱོར་ཁྱིམ་ཚང་སོགས་ཀྱི་མི་དྲུག་ཅུ་ལྷག་གསབ་སྦྱོང་ལ་ཞུགས།