ད་ལོར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྒྲིག་གཞི་ལེགས་སྒྱུར་དང་། སྤྱི་གྲངས་ཚོད་འཛིན། གསོག་ཚད་ལེགས་སྒྱུར། ཚན་རིག་དང་མཐུན་པའི་བཀོལ་སྤྱོད་བཅས་ཀྱི་རྩ་དོན་ལྟར། དགེ་རྒན་སྒྲིག་ལུགས་དོ་དམ་གསར་གཏོད་དང་། དགེ་རྒན་སྒྲིག་ལུགས་སྒྲིག་སྦྱོར་ལེགས་བསྒྱུར། དགེ་རྒན་སྒྲིག་ཁྲིད་ཐོན་ཁོངས་གསོག་གཉེར་བྱེད་པ་བཅས་བྱས་ཏེ་དགེ་རྒན་དཔུང་སྡེ་འཛུགས་བསྐྲུན་གྱི་ཆུ་ཚད་མཐོར་འདེགས་དང་། མི་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།
ཞིང་ཆེན་ཡོངས་ཀྱིས་སྒྲིག་ཁོངས་སྟོང་པ་དང་ཉུང་གཏོང་གི་བྱ་བ་སྒྲུབ་མགོ་རྩམ་པ་ནས་བཟུང་། མགོ་ལོག་ཁུལ་གྱིས་ནང་ཁུལ་གྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱེད་རྒྱུ་དང་། གསོག་ཚད་ལེགས་སྒྱུར། ས་ཁོངས་བརྒལ་བའི་སྙོམ་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་ནས། དགེ་རྒན་གྱི་སྒྲིག་ལུགས་སྤྱི་གྲངས་་དེ་ལས་དོན་སྒྲིག་ལུགས་སྤྱི་གྲངས་ཀྱི་བརྒྱ་ཆའི་སོ་བདུན་ལ་སླེབས་པར་བྱས། ཁུལ་ཡོངས་ཀྱིས་དགེ་རྒན་སྒྲིག་ལུགས་ཀྱི་དོ་དམ་ནན་ཏན་བྱེད་པ་དང་། དགེ་རྒན་སྒྲིག་ལུགས་ས་ཁོངས་གཞན་དུ་བཀོད་སྒྲིག་བྱེད་པར་གཏན་འགོག་བྱས་ནས། ལམ་ལུགས་ཀྱི་ངོས་ནས་མགོ་ལོག་ཁུལ་གྱི་རིམ་པ་དང་རིགས་ཁག་སོ་སོའི་སློབ་གསོ་སློབ་ཁྲིད་ཀྱི་སྟོབས་ཤུགས་ལ་ཁག་ཐེག་བྱས་ནས། དགེ་རྒན་སྒྲིག་ལུགས་ཀྱི་བཀོད་སྤྱོད་རིན་ཐང་དང་ཕན་འབྲས་ཆེ་རུ་བཏང་།
གོང་གི་རྨང་གཞིའི་སྟེང་། མགོ་ལོག་ཁུལ་གྱིས་ཆུང་འབྲིང་སློབ་གྲྭའི་སྒྲིག་སྟོང་གི་གནས་བབ་ལ་ཁ་གཏད་ནས། དུས་ལྟར་དགེ་རྒན་སྒྲིག་ལུགས་ལ་ཞིབ་བཤེར་ཆོག་མཆན་འགོད་ཤུགས་ཆེ་རུ་བཏང་བ་དང་། དུས་ལྟར་སློབ་ཁྲིད་མི་སྣ་ཁ་གསབ་བྱེད་པ ། དགེ་རྒན་དཔུང་སྡེ་འཛུགས་བསྐྲུན་ལ་ཤུགས་སྣོན་བྱས་ནས་དགེ་རྒན་སྒྲིག་ལུགས་ཀྱི་ནུས་ཤུགས་འདོན་སྤེལ་བྱེད་པར་ཁག་ཐེག་བྱས།