མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་ཇུས་གཞིའི་གསོ་སྦྱོང་ཚོགས་འདུ་བསྡུས།
2018.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཚེས་ཉེར་བདུན་ཉིན།   མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་ཇུས་གཞིའི་གསོ་སྦྱོང་ཚོགས་འདུ་བསྡུས།  ཚོགས་འདུ་ལས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཇུས་གཞིའི་གསོ་སྦྱོང་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པ་དང་།    མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་ཁྱབ་བཤེར་ཇུས་གཞིར་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས་ལ།  གྲོང་ཁྱེར་དང་།  ཁུལ།  རྫོང་སོ་སོའི་ཁྱབ་བཤེར་གཞུང་སྒྲུབ་ཁང་གི་ལས་སྒོ་རྐང་འཛིན་པར་ཕྱོགས་ཡོངས་ནས་ལས་སྒོའི་གསོ་སྦྱོང་བྱས།

རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་པའི་ཕྱོགས་བསྡུས་རང་བཞིན་དང་རྨང་གཞི་རང་བཞིན་གྱི་བྱ་གཞག་རླབས་ཆེན་ཞིག་ཡིན་ལ།   ཉིས་སྟོང་ཉི་ཤུ་ལོར་ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་བྱེད་པའི་སྔོན་དུ་རྒྱལ་དོན་རྒྱལ་ཤུགས་ལ་བརྟག་དཔྱད་གལ་ཆེན་བྱེད་ཐེངས་ཤིག་ཀྱང་ཡིན།  མཚོ་སྔོན་ཞིང་ཆེན་གྱི་ཁྱབ་བཤེར་གྱིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཐོན་ལས་གཉིས་པ་དང་གསུམ་པའི་ཁྲིམས་མཐུན་ལས་ཁུངས་དང་ཐོན་ལས་ཁྱབ་སྤེལ་ལས་ཁུངས།  ཁེར་གཉེར་ཁེ་ལས་སོགས་ལ་ཞིབ་བཤེར་བྱེད་རྒྱུ་རེད།   དེའི་ནང་ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་དྲུག་དང་གྲོང་རྡལ་བཞི་བརྒྱ་དང་སུམ་ཅུ།  ཞིབ་བཤེར་ས་ཁུལ་བཞི་སྟོང་བདུན་བརྒྱ་དང་དྲུག   ཞིབ་བཤེར་གཞིས་ཁུལ་ལྔ་སྟོང་བརྒྱ་དང་ལྔ་དྲུག་བཅས་འདུ།

ཐེངས་འདིའི་གསོ་སྦྱོང་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་། གསོ་སྦྱོང་གི་ནང་དོན་ལ་ཁྱབ་བཤེར་ཇུས་གཞིའི་སྤྱིའི་གསལ་བཤད་དང་།  ཁྱབ་བཤེར་སྡོམ་རྩིས་ཚད་གཞི། ཁྱབ་བཤེར་ཐོ་འགོད་ཞིབ་སྲོལ།   སྤུས་ཚད་ཕྱོགས་ཡོངས་དོ་དམ་བྱེད་ཐབས་སོགས་འདུ།