ཞིན་ཧེ་རྫོང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ཤེས་ལྡན་པར་བརྟེན་ནས་རྫོང་ཁོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་རམ་འདེགས་བྱས།
2018.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ཁ་གཏད་རོགས་སྐྱོར་གྱི་སྟེགས་བུ་ལ་གཞི་བཅོལ་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ཤེས་ལྡན་པར་སྦྲེལ་མཐུད་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་པ་དང་ན་གཞོན་ཤེས་ལྡན་པ་ལ་བརྟེན་ནས་འཕྲོད་སྟེན་བྱ་གཞག་གོང་འཕེལ་དུ་བཏང་།

ཞིན་ཧེ་རྫོང་གིས་འཇོན་ཐང་མི་སྣས་སྣེ་ཁྲིད་པ་དང་རོགས་སྐྱོར་ཚོགས་པས་མཐུན་སྦྱོར་བྱེད་པ། འཕྲོད་བསྟེན་སྡེ་ཁག་གིས་སྟེགས་བུ་བསྐྲུན་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་རོགས་སྐྱོར་ས་ཁུལ་གྱི་འཕྲོད་སྟེན་ལས་ཁུངས་ལ་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་པ་དང་། སྔ་གཞུག་ཏུ་ཆེད་མཁས་སྨན་པ་བརྒྱ་དང་བཅུ། གླིང་གཙོ་གཞོན་པ་གཉིས་སོགས་གདན་དྲངས།  དེ་དང་མཉམ་དུ། གསབ་སྦྱོང་བྱེད་པ་དང་དགེ་རྒན་གྱིས་རོགས་ཁྲིད་བྱེད་པ། མཉམ་ལས་འཛིན་གྲྭ་གཉེར་བ་གསུམ་གྱི་གསབ་སྦྱོང་བྱེད་ཐབས་བརྒྱུད་དེ་སྔ་གཞུག་ཏུ་མཐོ་སྒང་ནད་ཀྱི་སྔོན་འགོག་སོགས་ཁྱོན་བསྡོམས་ཐེངས་སུམ་བཅུ་དང་མི་བདུན་བརྒྱ་ལྔ་བཅུ་ལ་གསབ་སྦྱོང་སྤེལ་བ་དང་ཆེད་ལས་སྨན་པ་བཅུ་དང་སྨན་བཅོས་ལས་སྒོའི་རྐང་འཛིན་པ་ང་གཉིས་རོགས་སྐྱོར་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་སུ་སོང་ནས་ཟླ་བ་གསུམ་ལྷག་གི་རིང་ལ་སློབ་སྦྱོང་བྱས།

དེ་དང་མཉམ་དུ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ཤེས་ལྡན་མི་སྣས་བེད་སྤྱོད་རྒྱུན་གཏན་གྱི་སྨན་བཅོས་ལག་ལེན་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཞིན་ཧེ་རྫོང་གི་སྨན་བཅོས་མི་སྣའི་ཕྱོགས་བསྡུས་ལས་སྒོའི་ནུས་པ་སྔར་ལས་ཆེ་རུ་བཏང་།